འདབ་པ་རྫོང་གིས་རིན་པ་མི་དགོས་པར་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་བཀྲམ།

ཀུན་དགས་བསྒྱུར།        2022-04-20

སྤྱི་ཟླ4པའི་ཚེས11ཉིན་གྱི་ཞོགས་པར། འདབ་པ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་ས་བོན་མཛོད་ཁང་གི་སྒོ་ཁར་ཞིང་སྤྱོད་ཟོག་འདྲེན་རླངས་འཁོར་མང་པོ་བཞག་ཡོད་ཅིང་། རླངས་འཁོར་རེ་རེའི་ནང་ས་བོན་བླུགས་ཡོད་པའི་ཁུག་མས་གང་ཡོད། དགའ་ཐང་གྲོང་རྡལ་གྱི་ལས་སྒྲུབ་མི་སྣ་སངས་རྒྱས་སྒྲོལ་མས་གྲོང་སྡེར་ས་བོན་དང་ཞིང་ལུད་འཁུར་མི་ཚོ་བྲེལ་འཚུབ་བྱ་མི་དགོས།རེ་རེ་བཞིན་ཐོ་འགོད་བྱས་རྗེས་གཞི་ནས་འགྲོ་ཆོག་ཅེས་སྐད་གསང་མཐོན་པོས་དེ་ལྟར་བཤད་བཞིན་མཆིས།

ད་ལྟ་ནི་འདབ་པ་རྫོང་དུ་དཔྱིད་འདེབས་ཀྱི་གོ་སྐབས་བཟང་ཤོས་ཡིན་པས་གྲོང་རྡལ་ཡོངས་ཀྱི་དཔྱིད་རྨོས་ཐོན་སྐྱེད་ལ་སྐུལ་འདེད་དང་།ཞིང་དུད་ཀྱི་འདེབས་འཛུགས་སྤྲོ་སེམས་ཆེ་རུ་གཏོང་བ།ཞིང་ལས་ཐོན་སྐྱེད་ཀྱི་ཐོན་འཕར་འབབ་འཕར་ཡོང་བར་འགན་ལེན་བཅས་བྱ་ཆེད།དགའ་ཐང་གྲོང་རྡལ་གྱིས་ཞིང་དུད་ཀྱི་འདེབས་འཛུགས་ཀྱི་དགོས་མཁོ་དངོས་ལ་གཞི་ཚུགས་ནས་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ལ་མཐུན་སྦྱོར་བྱས་ཏེ་ནས་ནག་ས་བོན་རྒྱ་མ3000དང་།པད་ཁ་རྒྱ་མ400 སྐྱེ་ལྡན་ལུད་རྫས་ཏུན9.6སྒྲིག་སྦྱོར་བྱས་པར་མ་ཟད།གྲོང་སྡེ་ཁག་གི་དུད་ཚང་ཚང་མར་རིན་པ་མི་དགོས་པར་སྤྲད་ཡོད།

ཧན་སང་གྲོང་སྡེའི་ཡུལ་མི་བསོད་ནམས་ལྷ་སྐྱིད་ཀྱིས་ས་བོན་ཁུག་མ་གང་ཁྱེར་ནས། ཉེ་བའི་ལོ་ཤས་རིང་ནས་ནག་གི་རིན་གོང་ཡག་པོ་འདུག། ངེད་ཚང་གིས་ཀྱང་ད་ལོ་ཚོད་འདེབས་བྱ་རྩིས་ཡོད།དེ་སྔ་ས་བོན་ཉོ་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་ཡོད།ད་ལྟར་སྲིད་གཞུང་གིས་རིན་པ་མི་དགོས་པར་ས་བོན་སྤྲད་པ་ཡིན་པས་ངས་རྒྱ་མ70ལྷག་ཙམ་བླངས་རྗེས་ས་ཞིང་མུའུ4འདེབས་ཐུབ་ཀྱི་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།ནས་ནག་གི་འཚོ་བཅུད་རིན་ཐང་མཐོ་བས་མིའི་ལུས་པོའི་འཇུ་ནུས་དང་དབྱང་འགོག་ནུས་པ་སོགས་ཡོད་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། དཔལ་འབྱོར་གྱི་རིན་ཐང་ཡང་ལྡན་པ་རེད། ཉེ་བའི་ལོ་ཤས་རིང་།དགའ་ཐང་གྲོང་རྡལ་གྱི་ནས་ནག་འདེབས་ཁྱོན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད།སྔོན་དཔག་བྱས་ན་ད་ལོ་གྲོང་རྡལ་ཡོངས་ཀྱི་ནས་ནག་འདེབས་ཁྱོན་མུའུ5000ལ་ཟིན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།ན་ནིང་གྲོང་རྡལ་དེའི་གྲོང་སྟོད་གྲོང་སྨད་གྲོང་སྡེས་ནས་ནག་མུའུ200ཚོད་འདེབས་བྱས་པ་དང་ཕྱིན་ཆད་དགའ་ཐང་གྲོང་རྡལ་གྱིས་གྲོང་སྡེ་དེའི་ས་ཞིང་ལེགས་སྒྲིག་བྱས་ནས་གཅིག་སྡུད་ཡུག་སྦྲེལ་གྱིས་མུའུ་སྟོང་གི་ནས་ནག་སྤུས་ལེགས་འདེབས་འཛུགས་རྟེན་གཞི་འཛུགས་སྐྱོང་བྱ་རྩིས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: དཔལ་ཡུལ་རྫོང་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་དཔྱིད་རྨོས་ལ་རོགས་རམ་བྱས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་འབོ་པ་ཡུལ་ཤོག་གི་དང་བླངས་པས་དཔྱིད་རྨོས་ལ་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10