སེར་ཤུལ་རྫོང་སློབ་འབྲིང་གིས་དཔེ་ཀློག་དུས་ཆེན་བསུས་ཚུལ།

        2022-04-26

    སྤྱི་ཟླ4པའི་ཚེས23ཉིན་སེར་ཤུལ་རྫོང་སློབ་འབྲིང་གིས་སློབ་མ་ཚོར་དཔེ་དེབ་མང་ཙམ་ལྟ་བ་དང་དཔེ་དེབ་ཡག་པོ་བཀླག་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་སློབ་གྲྭའི་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་ལོ་རིམ་ཁག་དང་འཛིན་གྲྭ་ཁག་གི་སློབ་མ་རེ་བདམས་ནས་འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཞིག་སྤེལ་ཞིང་སློབ་གྲྭ་ཡོངས་ཀྱི་སློབ་མའི་དཔེ་ཀློག་གི་ཁྱད་ཆོས་མངོན་པར་བྱས།

     འཛམ་གླིང་དཔེ་ཀློག་ཉིན་མོར་དཔེ་ཀློག་གི་རྣམ་པ་དེ་སློབ་གྲྭའི་ནང་ཁྱབ་པ་དང་དཔེ་ཀློག་དེ་གོམས་གཤིས་སུ་འགྱུར་བར་བྱས། བྱེད་སྒོ་ལས་སློབ་མ་ཚོས་ཕན་ཚུན་དཔེ་དེབ་ཡག་པོ་འོས་སྦྱོར་བྱས་ནས་རང་ཉིད་ལ་དཔེ་དེབ་ཀྱིས་རོགས་པའི་འོག་ནས་འཚར་ལོངས་བྱུང་བའི་མི་ཚེའི་མྱོང་ཚོར་ལྷུག་པོར་གླེང་བ་རེད། 

     དེ་རྗེས་རང་རྒྱལ་གྱི་གནའ་བོའི་རིག་གནས་དང་། གུས་ལུགས། དཔེ་གདང་། དམངས་སྲོལ་སོགས་དང་ཟུང་འབྲེལ་བྱས་ཏེ་སློབ་མ་སྒྲིག་འཛུགས་ཀྱིས་བློ་འདོན་བྱས་པ་བརྒྱུད་ནས་སློབ་མས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བསམ་ཤེས་དང་ངོས་འཛིན་གཅིག་མཐུན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད།

     ད་ཐེངས་ཀྱི་དཔེ་ཀློག་བྱེད་སྒོ་ལས་སློབ་མ་ཚོ་ལ་བྱ་དགའ་སྤྲད་པས། སློབ་མ་ཚོས་དཔེ་ཀློག་ལ་མོས་པ་དང་དཔེ་ཀློག་ལ་དགའ་བའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱས་ཡོད་པ་རེད།

     ཐེངས་འདིའི་དཔེ་ཀློག་དུས་ཆེན་གྱིས་སློབ་གྲྭའི་རིག་གནས་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་། སློབ་གྲྭའི་དཔེ་ཀློག་གི་མཐོ་རླབས་འཕྱུར་བར་གོ་སྐབས་གསར་པ་མཁོ་འདོན་བྱས་པ་རེད།


གསར་འགོད་པ། བློ་བཟང་དབང་ཕྱུག བསྟན་འཛིན་དར་རྒྱས། བསོད་ནམས་ཡོན་ཏན། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དཀར་མཛེས་ཀྱིས་མཛའ་བརྩེའི་ལེགས་སྐྱེས་འབུལ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།