གངས་ལྗོངས་མཐོ་སྒང་དུ་བདེ་སྐྱིད་ཀྱི་མེ་ཏོག་བཞད།

ཀུན་དགས་བསྒྱུར།        2022-04-27

རི་རྩེར་ལངས་ནས་སེར་ཤུལ་རྫོང་གྲོང་ཁུལ་གྱི་བཀོད་པར་ལྟ་དུས། གསར་དུ་བསྐྲུན་པའི་བོད་ཁང་དེ་དག་ལས་མི་ཚོའི་མིག་དབང་འཕྲོག་ལ་ཡིད་དབང་འགུག་ཐུབ།དེ་ལའི་བུ་ཕྲུ་ཚོས་རྒྱབ་ལ་དཔེ་ཁུག་ཁུར་ནས་དགའ་སྤྲོའི་ངང་སློབ་གྲྭར་སྐྱོད་བཞིན་ཡོད་པ་དང་། ཞིང་འབྲོག་མང་ཚོགས་རྣམས་རྫོང་གི་གྲོང་ཁུལ་གྱི་ཐང་ཆེན་དུ་ཉི་མ་ལྡེ་ཞོར་ཁ་བརྡ་ལབ་ནས་སྡོད་བཞིན་ཡོད། ས་འགུལ་མ་བྱུང་གོང་དེ་གའི་ཁྲོམ་གཞུང་དུ་ཐལ་རྡུལ་གྱིས་ཁེངས་ཤིང་།འགྲིམ་འགྲུལ་གློག་དམར་དང་གློག་ལྗང་ཡང་མེད་ཅིང་།དེང་སང་རྫོང་གི་གྲོང་ཁུལ་གྱི་གཞུང་ལམ་དེ་དག་ཁོད་སྙོམས་ཤིང་གཙང་སྦྲ་ལེགས་པས་མ་ཚད།རླངས་འཁོར་རྣམས་རྒྱུན་མི་ཆད་པར་གོ་རིམ་ལྡན་པའི་ངང་རྒྱུག་བཞིན་ཡོད།

ལོ་ན43ལ་སོན་པའི་ལིའུ་མིང་ཅན་ནི་སེར་ཤུལ་རྫོང་ཕྱག་ཚ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་ཞིང་། སྨན་ཁང་དུ་ལས་དོན་བསྒྲུབས་ནས་ད་བར་ལོ21འདས་ཡོད།

ལིའུ་མིང་ཅན་གྱིས་ང་ཚོའི་སྨན་ཁང་དེ་ས་འགུལ་མ་བྱུང་གོང་གི་ཐོག་དཔངས་དམའ་བའི་སོ་ཕག་ཁང་པ་ནས་ས་ཡོམ་རྒྱག་སྐབས་ཀྱི་རས་གུར་སྨན་ཁང་། དེ་ནས་སྒྲིག་ཆས་རྩེ་གྲའི་དེང་རབས་ཅན་སྨན་བཅོས་ལག་རྩལ་ཐོག་ཁང་བསྐྲུན་པའི་བར་གྱི་བརྒྱུད་རིམ་ལ་བསམ་བློ་ཞིག་གཏོང་དུས། དེ་ནི་རྨི་ལམ་རྨིས་པ་ལྟ་བུ་ཞིག་རེད།ད་ཆ་སྨན་ཁང་དུ་ལས་ཀ་ཙག་ཙིག་ལ་ཅུང་བྲེལ་བཞིན་ཡོད་ཀྱང་ཞིང་འབྲོག་མང་ཚོགས་ཀྱིས་ཐག་ཉེ་ས་ནས་ནད་ལྟ་ཐུབ་ཀྱི་ཡོད་པས་སེམས་ཧ་ཅང་དགའ་པོ་འདུག་ཅེས་བཤད།

མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པའི་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་འབྲེལ་མཚམས་སུ་གནས་པའི་སེར་ཤུལ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི4520ལ་ཟིན་གྱི་ཡོད་པས་མཐོ་གྲང་ས་ཁུལ་གྱི་ཁོངས་སུ་གཏོགས། ས་འགུལ་མ་བྱུང་གོང་སེར་ཤུལ་རྫོང་གི་སྤྱི་ཡོངས་ཀྱི་སྨན་བཅོས་ཆུ་ཚད་ད་དུང་ཅུང་རྗེས་ལུས་ཡིན་ཞིང་།ས་གནས་དེ་གའི་མང་ཚོགས་ལ་ནད་གཞི་ལྕི་མོ་ཕོག་དུས་ཡུལ་ཤུལ་དང་དར་མདོ།ཁྲེང་ཏུའུ་སོགས་སུ་སྨན་བཅོས་བྱེད་དུ་འགྲོ་དགོས་ཀྱི་ཡོད།

གེགས་རྗེས་བསྐྱར་སྐྲུན་ཁྲོད་ཀྱི་དམངས་འཚོའི་ལས་གྲྭ་ཞིག་ཡིན་པའི་ཆ་ནས་སྨན་ཁང་ནི་ལས་གཉེར་བྱེད་སྔ་ཤོས་ཀྱི་ཚན་པའི་གྲས་ཤིག་ཡིན་པ་དང་གེགས་རྗེས་བསྐྱར་སྐྲུན་བྱས་མཐར་སེར་ཤུལ་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

1999ལོར། ལིའུ་མིང་ཅན་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སེར་ཤུལ་རྫོང་ཕྱག་ཚ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ཏུ་གྱུར། སྐབས་དེ་དུས་ཀྱི་འཕྲོད་བསྟེན་ཁང་ནི་ཐོག་དཔངས་དམའ་བའི་སོ་ཕག་ཁང་པ་ཞིག་ཡིན་ཞིང་། སྨན་བཅོས་སྒྲིག་ཆས་དཀོན་པ་དང་ཁང་པ་རྙིང་རལ་ཡིན་པས་མ་ཚད་འཕྲོད་བསྟེན་ཁང་ཡོངས་ལ་སྨན་པ6ལས་མེད།སྨན་ཁབ་རྒྱག་པ་དང་གནམ་ཁབ་རྒྱག་པ། སྨན་ཐོ་འགོད་པ་བཅས་ལས་རིམ་ཚང་མ་རང་ཉིད་ཀྱིས་སྒྲུབ་དགོས་ཀྱི་ཡོད་ཅེས་བཤད།

ལིའུ་མིང་ཅན་གྱིས་སྨན་ཁང་གི་གང་ཐད་ནས་རིམ་བཞིན་ལེགས་བཅོས་བཏང་བ་དང་བསྟུན་ནས་ཐོག་བརྩེགས་ཁང་ཆེན་གསར་པ་ཞིག་ཀྱང་བསྐྲུན་ཡོད།2015ལོར་ང་ཚོའི་འཕྲོད་བསྟེན་ཁང་ལBསྒྲ་རླབས་འཕྲུལ་ཆས་གསར་པ་ཞིག་ཉོས་ཡོད་པ་དང་། ད་ཆ་འཕྲོད་བསྟེན་ཁང་གི་ནང་མཁོ་སྒྲིག་ཆས་ཚང་མ་ཡག་པོར་ཆགས་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། སེར་ཤུལ་རྫོང་གིས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་། སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་འབྲོག་ཁུལ་མི་དམངས་ཀྱི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཡོད། སེར་ཤུལ་རྫོང་བོད་སྨན་སྒོ་བསྟེན་སྨན་བཅོས་ཁང་བཙུགས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་སྣ་མང་བྱས་ཏེ་སྨན་བཅོས་དང་།སྔོན་འགོག། ལུས་ཁམས་བདེ་སྲུང་།བདེ་ཐང་གྲོས་དྲིས་སོགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་སྨན་ཉོ་རྒྱུར་སྟབས་བདེ་ཡོང་ཆེད།སྒོ་བསྟེན་སྨན་བཅོས་ཁང་གིས་ལོ་ཧྲིལ་པོར་ངལ་གསོ་མི་བྱེད་པ་དང་།རྒྱུན་གཏན་བཞིན་ལས་ཀའི་ལམ་ལུགས་ལག་བསྟར་བྱས་ཡོད།

སྒོ་བསྟེན་ནི་བོད་ལུགས་གསོ་རིག་གི་ཆེད་རམས་པ་སྒོ་བསྟེན་སྨན་ཁང་དང་།བོད་ལུགས་གསོ་རིག་གི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་།བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གསོ་ཐབས་ཁང་། བོད་སྨན་ཚོང་ཁང་སོགས་ནད་ཐོག་སྨན་བཅོས་ཚན་ཁག་དང་བྱེད་ནུས་ཚན་ཁག་བཅས་ལས་གྲུབ་པ་ཞིག་རེད། ཁྱད་ཆོས་ཀྱི་སྨན་བཅོས་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་སྨན་བཅོས་བྱེད་སྟངས་ཀྱི་རྨང་གཞིའི་ཐོག་ས་མཐོའི་རང་བཞིན་གྱི་ནད་གཞི་དང་།གཅོང་ནད།གྲུམ་བུའི་ནད་སོགས་ནད་རིགས་སྣ་ཚོགས་ལ་དམིགས་ནས“བོད་ལུགས་གསོ་རིག་གི་ཁྱད་ཆོས་སྨན་བཅོས་ཁང”མང་དུ་བཏང་བ་དང་།བོད་ལུགས་གསོ་རིག་གི་ཁྱད་ཆོས་ཀྱི་སྨན་བཅོས་བྱེད་ཐབས“ཟུར་ལུགས་བོད་ལུགས་གསོ་རིག་གི་ཁྱད་ཆོས”དང“རྒྱ་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོའི་སྨན་བཅོས་བྱེད་ཐབས་མཉམ་འདྲེས་བྱས་པས་སྟབས་བདེ་དང་ཉེན་མེད། ཕན་འབྲས་མྱུར་པོ་སོགས་ཀྱི་ལེགས་ཆ་ལྡན་པ་རེད།

དེ་དང་ཆབས་ཅིག་སེར་ཤུལ་རྫོང་གི་ནད་ཐོག་སྨན་བཅོས་ཀྱི་གསོ་རླུང་སྤྱོད་པ་དང་གསོ་རླུང་གི་དགོས་མཁོར་གཞིགས་ནས་སེར་ཤུལ་རྫོང་མི་དམངས་སྨན་ཁང་གི་གསོ་རླུང་མཁོ་འདོན་མ་ལག་གི་སྒོ་མང་དུ་བཏང་བར་མ་ཟད།སྒྲིག་ཆས་ཀྱང་མང་དུ་བཏང་ཡོད་ཅིང་། ལྟེ་བའི་དབྱང་འདོན་སྤྲོད་མ་ལག་དང་ཆུ་འདྲེན་སྒྲིག་ཆས་ཀྱི་གྲུབ་ཆ་སོ་སོར་གསལ་འདེབས་དང་ཉེན་བརྡའི་བྱེད་ཐབས་ཡོད་པས།སྲུང་སྐྱོང་དང་དོ་དམ་བྱེད་པར་ལྷག་ཏུ་ཕན། ལྟེ་བའི་གསོ་རླུང་མཁོ་འདོན་མ་ལག་དང་ཆུ་འདྲེན་པའི་གསོ་རླུང་སྒྲིག་ཆས་རིམ་སྤོར་བྱས་པ་དེས་སེར་ཤུལ་རྫོང་སྨན་ཁང་གི་དོ་དམ་ལ་སྟབས་བདེ་བྱས་པར་མ་ཟད།སྲོལ་རྒྱུན་གྱི་གསོ་རླུང་མཁོ་འདོན་དང་བསྡུར་ཚེ་གསོ་རླུང་སྤྱོད་པའི་མ་གནས་ཆེས་ཆེར་ཆག་པ་དང་དུས་མཉམ་དུ་གསོ་རླུང་མཁོ་མཁན་མི་ཚོགས་ལ་གསོ་རླུང་མཁོ་འདོན་ཐུབ་ནས་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་ནས་ནད་པར་དུས་ཐོག་ཏུ་མྱུར་སྐྱོབ་དང་སྨན་བཅོས་ཐུབ་ཡོད།

ཕྱག་ཚ་གྲོང་རྡལ་གྱི་གྲོང་མི་ཆོས་གྲགས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་དེ་སྔ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ནད་ཆེན་ལྟ་ཐུབ་ཀྱི་མེད།གྲོང་མི་ཚོ་ད་དུང་རྫོང་སྨན་ཁང་དུ་སྐྱོད་དགོས་ཀྱི་ཡོད།ད་ཆ་ཡག་པོ་རེད་འདུག། སྒོ་འགྲམ་དུ་ནད་ལྟ་ཐུབ་པར་མ་ཟད། སྨན་རིན་ཡང་དམའ་བས་སྟབས་བདེ་རུ་ཕྱིན་སོང་ཞེས་བཤད།

2018ལོར་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཀྱིས་སེར་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཡོན་ལིས་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་རྒྱ་ལུགས་གསོ་རིག་སྨན་ཁང་ནས་སེར་ཤུལ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་སེར་ཤུལ་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གི་ལས་རོགས་གཅིག་ལྕོགས་བྱས། ཁོས་དེང་རབས་ཅན་གྱི་སྨན་ཁང་གི་དོ་དམ་འདུ་ཤེས་འཁྱེར་ཡོད་པར་མ་ཟད།ས་གནས་དེ་གའི་བོད་རིགས་སྨན་དོན་མི་སྣ་གསོ་སྐྱོང་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། 2020ལོ་ནས་བཟུང་ཁོས་ལྷན་སྐྱེས་སྙིང་ནད་རོགས་སྐྱོབ་ལས་གཞི་སྒྲིག་འཛུགས་བྱས་ནས་སེར་ཤུལ་དུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རོགས་སྐྱོབ་བྱེད་པའི་ཐད་ཐབས་ཇུས་འདོན་ནས་བདེ་ཐང་དབུལ་སྐྱོར་སྔར་བས་ཞིབ་ཚགས་དང་དོན་འཁྱོལ་བྱས།

ཁོས་མི་མང་པོ་ཞིག་གི་སེམས་སུ་སེར་ཤུལ་རྫོང་ནི་ཐག་རིང་དཀའ་ཚེགས་ཆེ་བའི་ས་ཆ་ཞིག་ལ་ངོས་འཛིན་བཞིན་ཡོད་མོད། འོན་ཀྱང་ངས་བསམ་ན་འདི་འདྲ་ཞིག་མ་ཡིན་ཏེ། དེར་འགྲན་སློང་གི་རང་བཞིན་ཆེན་པོ་འདུག། དེས་ན་ངས་རང་ཉིད་ཀྱི་རིན་ཐང་རྙེད་བྱུང་། ཉེ་བའི་ལོ་གཉིས་ལྷག་གི་རིང་ལ་ངས་དེ་ནའི་འགྱུར་ལྡོག་དང་འཕེལ་རྒྱས་མཐོང་བྱུང་། ངས་རང་ཉིད་ཀྱི་ལས་དོན་ལ་གྲུབ་འབྲས་ཐོབ་བྱུང་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པའི་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:ལུག་གྲོད་ཤ་མོ་ཚོང་རའི་ཐོག་ཚོང་ཁ་རྒྱུག།
  • དོ་སྣང་ཆེ་བའི་རྩོམ།