རང་ཁུལ་གྱིས་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-04-27

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་ཨུའི་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། དཀར་མཛེས་ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་ལས་ཀའི་ལམ་ལུགས་དང“གཅིག་ཐོག་དྲུག་སྣོན”གྱི་གཙོ་གནད་ཐོན་ཁུངས་དོ་དམ་བྱ་ཐབས་སོགས་ཀྱི་དོན་གནད་ལ་གྲོས་ཞིབ་བྱས་པ་དང་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་རང་ཁུལ་ནི་ཐོན་ཁུངས་ཁུལ་ཆེན་པོ་ཞིག་ཡིན་ལ། སྐྱེ་ཁམས་ཁུལ་ཆེན་པོ་ཞིག་ཀྱང་ཡིན་པར་བརྟེན། ཐོན་ཁུངས་གསར་སྦོལ་བེད་སྤྱོད་བྱེད་དུས་ངེས་པར་དུ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ནུས་པའི་ངེས་གནས་ལ་གཞི་ཚུགས་ནས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་ལ་ཇེ་མགྱོགས་སུ་བསྒྱུར་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་ཐོན་ཁུངས་དོ་དམ་གསར་སྤེལ་ལས་ཀའི་ལམ་ལུགས་དང་དོ་དམ་བྱ་ཐབས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཕྱོགས་སོ་སོའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་དོ་དམ་གསར་སྦོལ་ལ་སྤྱི་ཚོགས་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། འབྲེལ་ཡོད་སྣེ་ཁྲིད་སྡེ་ཚན་ཁག་གིས་མ་སྐུལ་དང་བླངས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་གཙོ་གནད་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པ། ཐོན་ཁུངས་གསར་སྦོལ་ཕྱིར་འཐེན་དང་ཁེ་ཕན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ལོ་འཁོར་ལས་ཀའི་འཆར་གཞི་བཟོ་བ་དང་འཐུས་ཚང་དུ་བཏང་ནས་གཞི་གྲངས་གསལ་པོ་དང་དུས་རིམ་གསལ་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:ཧོ་པེ་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགན་འཁུར་གཙོ་བོའི་གོ་གནས་ལེགས་སྒྲིག་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པའི་ལས་ཀའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།