ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།

ཡེ་ཤེས་ཀྱིས་བསྒྱུར།        2022-04-29

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
ལི་ཐང་འབུམ་ཡག་རྩྭ་ཐང་།

ལྔ་གཅིག་གུང་གསེང་སླེབས་ཉེར་ཡོད་པར་བརྟེན། ས་ཆ་གང་དུ་སྤྲོ་འཆམ་འགྲོ་དགོས་ཚོད་མ་ཐིག་ན། དཀར་མཛེས་ཁུལ་གྱིས་ཁྱེད་ལ་རང་གིས་རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་ན་ཤིན་ཏུ་འཚམ་པའི་ཡུལ་སྐོར་ལམ་ཐིག་འགའ་ངོ་སྤྲོད་བྱས་པ་ཡིན། མེ་ཏོག་དང་མཛེས་ལྗོངས་ཁུལ་ལ་བལྟ་རྒྱུ། ཆུ་ཚན་དང་ཟས་མཆོག། ད་དུང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་རོལ་ཆོག་པར་མ་ཟད། རང་ཉིད་ཀྱི་ལས་ཀ་སྐབས་མཚམས་བཞག་ནས་སེམས་ལ་སྤྲོད་སྐྱིད་དང་མིག་ལ་མཛེས་ཉམས། ཁ་ལ་ཞིམ་པའི་སྣང་བ་སྔ་ནས་མེད་པ་ཞིག་སྐྱེས་ངེས་པའི་གནས་མཆོག་འགའ་གཤམ་དུ་ངོ་སྤྲོད་བྱས་པ་ཡིན།

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
མཛེས་སྡུག་ལྡན་པའི་དར་མདོ་གྲོང་གསར།

ལམ་ཐིག་དང་པོ།

དར་མདོ་ནས་རོང་བྲག།

དར་མདོ་ནི་འཛམ་གླིང་ལ་གྲགས་པའི་གནའ་གྲོང་ཞིག་ཡིན་ལ། ཕག་མོ་རི་བོ་དང་དར་མདོའི་མཛའ་གཞས་ཞེས་འཛམ་གླིང་ཡོངས་སྙན་པའི་གྲགས་པ་ཁྱབ། དར་མདོ་གྲོང་ཁྱེར་ལ་ཡུན་རིང་གི་ལོ་རྒྱུས་དང་མཚར་སྡུག་གི་རིག་གནས་མངའ་ཞིང་། གནའ་ནས་ད་བར་ཁམས་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་། ཚོང་ལས། ཆ་འཕྲིན་ལྟེ་གནས། འགྲིམ་འགྲུལ་གྱི་འགག་གནས་བཅས་ཡིན། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་དར་མདོ་གྲོང་ཁྱེར་གྱི་ཁོངས་གཏོགས་ནང་མཁར་རྫོང་དང་བོད་ཁང་གི་འཛུགས་སྐྲུན། གླུ་བྲོ་དང་བཟའ་བཏུང་རིག་གནས་ཕུན་སུམ་ཚོགས་པར་མ་ཟད། གནས་རི་དང་གཙང་ཆུ། མཚོའུ་སོགས་ཡུལ་སྐོར་མཛེས་ལྗོངས་ཀྱང་མང་པོ་ཡོད།།

རོང་བྲག་རྫོང་ནི་རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད་པའི་རོང་མའི་བྲག་མགོ་ཞེས་རོང་མ་བྲག་གི་མགོ་ལ་ཆགས་ཡོད་པས་མིང་དེ་ལྟར་ཐོགས། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་གནས་རི་དང་བེེ་རོའི་སྒྲུབ་ཕུག་གི་གནའ་ཤུལ། དཔོག་པར་དཀའ་བའི་མཁར་རྫོང་། པ་ཝཾ་རྒྱལ་པོའི་ཕོ་བྲང་། རྒྱལ་རོང་རྒྱལ་མོ་དམུ་རྡོ། རྒྱལ་རོང་གནས་འགོ་དགོན། རྒྱན་ཆས་སྤྲས་སྟངས། ཐུན་མོང་མ་ཡིན་པའི་བཟའ་བཏུང་ལས་ཐེལ་ཙེ་བརྒྱབ་ཡོད་པའི་ཐལ་བསྲེག་གོ་རེ་དང་ཆང་བཙོ་སྟངས་ཀྱི་ལག་རྩལ་ཤེས་བྱ་ཕུན་སུམ་ཚོགས་པ་ཡོད།།

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
རྟའུ་ཡུལ་གྱི་བོད་ཁང་།

ལམ་ཐིག་གཉིས་པ།

དར་མདོ་ནས་ར་རྔ་ཁ། རྟའུ། ལི་ཐང་།

ར་རྔ་ཁ་ནི་དངོས་གནས་བརྙན་ལེན་བྱེད་སའི་ཞིང་ཁམས་ཡིན་ཞིང་། མིག་རྒྱང་གང་གི་རང་བྱུང་རི་མོ་རེད། འདི་ལ་ནི་འགྲིམ་འགྲུལ་ལྟེ་བ་གལ་ཆེན་ཞིག་ཀྱང་ཡིན་ལ། ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་ལམ་མདོར་གནས་ཡོད། བྱང་དུ་ལྷ་སྒང་དང་རོང་བྲག། ལྷོ་རུ་གངས་དཀར་རི་བོ་དང་འབྲེལ་ནས་ཡོད། ནུབ་ཏུ་འགྲོ་ན་ལི་ཐང་དང་ལྷོ་རུ་འགྲོ་ན་འདབ་པ་ཉི་བརྟེན་དུ་འགྲོ་ཆོག་པ་བཅས་ནི་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་ཨ་འབྲུ་ནས་ཀྱི་ཞིང་། བོད་མིའི་སྡོད་ཁང་། མ་ཎི་རྡོ་འབུམ། རྩྭ་ཐང་བཅས་ཡོད།།

རྟའུ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་་དུ་གནས། ཤར་ནས་དར་མདོ་མདོ་རྫོང་དང་འབྲེལ་ཞིང་། ཤར་བྱང་རྒྱུད་དུ་རོང་བྲག་རྫོང་དང་འབྲེལ་མཚམས་སུ་ཆགས། བྱང་ནས་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ས་མཚམས་དང་འབྲེལ་ཞིང་། ནུབ་ནས་བྲག་མགོ་རྫོང་དང་འབྲེལ། ལྷོ་ནས་ཉག་ཆུ་རྫོང་དང་འབྲེལ། ནུབ་ལྷོ་ནས་ཉག་རོང་རྫོང་བཅས་ཀྱི་ས་མཚམས་སུ་ཆགས་ཤིང་། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་རྟའུ་རྣམ་རྒྱལ་མཆོད་རྟེན། ཤར་སྟོད་བཞག་བྲ་ལྷ་རྩེ། མདོ་སྨད་གཡུ་ཁོག་རྩྭ་ཐང་། དཔལ་སྨད་གསེག་རི། བཞག་བྲ་གཡུ་མཚོ། རྟའུ་ཡུལ་གྱི་བོད་ཁང་བཅས་ཡོད།།

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།

ལིའི་མེ་ཏོག་ཁྲོད་ཀྱི་བརྒྱ་གྱུར་བོད་གྲོང་།

ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་མཚོ་འཕགས་སྨི4014.187ཡོད། རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་ཡུལ་ཡིན། ལི་ཐང་རྫོང་ལ་རྟ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས། གེ་སར་གྱི་མི་རྒྱུད་དར་ས། རྟ་ཐོག་གི་མི་རིགས། ཁམས་པའི་ཕོ་རྒོད་འདུ་གནས་བཅས་ཀྱི་མཚན་སྙན་ཡོད། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་ལི་ཐང་དགོན་ཆེན་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་དང་། གནས་ཆེན་དགེ་བསྙེན། བྲག་དཀར་གནས་རི། འབུག་ཡག་རྩྭ་ཐང་། མཆོད་རྟེན་དཀར་པོའི་གླིང་ག། གེ་མོའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཡོད།།

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
དཔལ་སྨད་གསེག་རི།

ལམ་ཐིག་གསུམ་པ།

ལྕགས་ཟམ་ཁ་ནས་དུང་དཀར་ལུང་པ།

ལྕགས་ཟམ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ་རྒྱུད། ཆང་ལས་རི་རྒྱུད་དང་གངས་རི་ཆེན་པོའི་རི་རྒྱུད་བར་དུ་ཆགས་ཡོད་ཅིང་། ཤར་དུ་གཡག་རྔ་ས་ཁུལ་གྱི་བསྲི་སྨད་རྫོང་དང་ཤར་ལྷོའི་མཚམས་སུ་གཡག་རྔ་ས་ཁུལ་གྱི་འགག་སྨད་རྫོང་དང་ས་མཚམས་སྦྲེལ་ཡོད། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་ལྕགས་ཟམ་ཟམ་པ། ལྕགས་ཟམ་ཟམ་པའི་གསར་བརྗེའི་རིག་རྫས་བཤམས་སྟོན་ཁང་། ལྕགས་ཟམ་ཁའི་དམར་དམག་གི་དྲན་གསོ་རྡོ་རིང་། ལྕགས་ཟམ་ཁའི་སེའུ་དམར་པོ་བཅས་ཡོད།།

དུང་དཀར་ལུང་པ་ནི་ལྕགས་ཟམ་རྫོང་ཁོངས་སུ་གནས་ཤིང་།མཚོ་འཕགས་དམའ་བའི་དེང་རབས་ཀྱི་འཁྱག་ཀླུང་ཆེས་གྲས་ལ་བརྟེན་ནས་སྐད་གྲགས་འཛམ་གླིང་དུ་ཁྱབ། ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་གདོད་མའི་ནགས་ཚལ་དང་སྐྱེ་དངོས་སྲོག་ཆགས་རྩ་ཆེན། རང་བྱུང་ཆུ་ཚན། རྦབ་ཆུ་བཅས་ལྷན་སྐྱེས་སུ་འཛོམས་ཏེ་ངོ་མཚར་ཁྱད་དུ་འཕགས་པའི་མཛེས་ལྗོངས་ཤིག་ཡོངས་སུ་གྲུབ་ཡོད།དེ་ནི་འཛམ་གླིང་ཐོག་གྲོང་ཁྱེར་ཆེན་མོ་དང་ཐག་ཆེས་ཉེ་བ་དང་འགྲོ་ཆེས་བདེ་བའི་དེང་རབས་ཀྱི་འཁྱག་ཀླུང་ཡོད།།

ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
དུང་དཀར་ལུང་པའི་དཔྱིད་ཀ།



  • ལེ་ཚན་སྔོན་མ།:ལོ་ན་གོ་གཉིས་ལོན་པའི་དགེ་རྒན་ཁྲེན་ལགས་ཀྱི་སློབ་གསོའི་བྱ་གཞག།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཧྲུའུ་ཏའོ་ཚོགས་པའི་ལས་འཛིན་པ་ཐང་ཡུང་དང་བཅས་པ་ལ་འཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།