ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཧྲུའུ་ཏའོ་ཚོགས་པའི་ལས་འཛིན་པ་ཐང་ཡུང་དང་བཅས་པ་ལ་འཇལ་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-05-05

    ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཧྲུའུ་ཏའོ་ཚོགས་པའི་ལས་འཛིན་པ་ཐང་ཡུང་དང་བཅས་པ་ལ་འཇལ་འཕྲད་གནང་།

   སྤྱི་ཟླ4ཚེས25ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་དར་མདོར་ཧྲུའུ་ཏའོ་ཚོགས་པའི་ལས་འཛིན་པ་ཐང་ཡུང་དང་བཅས་པ་ལ་འཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་ཀས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་གཏོང་བ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་བཅས་ཀྱི་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཐང་ཡུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཧྲུའུ་ཏའོ་ཚོགས་པས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་མིག་སྔར་དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དཔེ་སྟོན་ཁུལ་གཉིས་དང་ས་ཁུལ་གསུམ”མགྱོགས་མྱུར་དུ་འཛུགས་སྐྱོང་བྱེད་པ་དང་།“སྒུལ་ཤུགས་ཆེན་པོ་བཞི”གསོ་སྐྱོང་བྱས་ནས ཉེན་མེད་དང་སྟབས་བདེ། ལས་ཕྱོད་མཐོ་བའི་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཧྲུའུ་ཏའོ་ཚོགས་པ་དང་རང་ཁུལ་འབྱུང་རྩ་ཟབ་ཅིང་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད། དུས་རབས་གསར་པར་སླེབས་རྗེས་གོ་སྐབས་གསར་པ་དང་འཕྲད་དེ་ ཕྱོགས་གཉིས་ཀར་འཐབ་ཇུས་ཀྱི་ཐུན་མོང་གི་ཆ་རྐྱེདང་བྱ་གཞག་གི་མཉམ་ལས་བྱ་ཡུལ་དེ་བས་མང་པོ་ཡོད་པ། ཧྲུའུ་ཏའོ་ཚོགས་པས་དཀར་མཛེས་ཁུལ་དང་ལག་གདང་སྦྲེལ་ནས་གཞུང་ལམ་འགྲིམ་འགྲུལ་དང་ཐོན་ལས་གསོ་སྐྱོང་། ཐོན་ཁུངས་གསར་སྦོལ། ཨང་ཀི་འཛུགས་སྐྱོང་སོགས་ཀྱི་ཐད་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་ཟབ་སྤེལ། ནུས་རྒྱུ་གཙང་མ། རྒྱུ་ཆ་གསར་པ་སོགས་ཀྱི་ཐད་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས་སྐྲུན་བཞིན་ཡོད་པའི་ལས་གཞིར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་སྦྲགས། རིམས་ནད་འགོག་ཟོན་ཚོད་འཛིན་དང་།ཐོན་སྐྱེད་ཉེན་མེད། ནགས་ཚལ་དང་རྩྭ་ཐང་མེ་གསོད། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས། དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་བྱས་ཏེ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ལེགས་ཆ་གསབ་རེས་དང་མཉམ་ཁེ་གཉིས་ཕན། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཐང་ཡུང་གིས་ཧྲུའུ་ཏའོ་ཚོགས་པའི་ཚབ་ཞུས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ནས་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ད་ལྟའི་གཉེར་སྐྱོང་གི་གནས་ཚུལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ངོ་སྤྲོད་མཛད་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྔོན་སྤེལ་གྱི་ཐབས་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས་དང་དམངས་འཚོ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ་ཡག་མོ་འཛིན་ཞིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། མིག་སྔར་ཧྲུའུ་ཏའོ་ཚོགས་པས་གོ་སྐབས་དམ་འཛིན་བྱས་ནས་སི་ཁྲོན་འགྲིམ་འགྲུལ་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་དང་རུ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀར་མཉམ་ལས་ཀྱི་རྨང་གཞི་བཟང་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་ངེས་གནས་ཡོད་པས་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏང་རྒྱུར་གོ་སྐབས་གསར་པ་དང་ལས་སྟེགས་གསར་པ་མཁོ་འདོན་བྱས་ཡོད། ཧྲུའུ་ཏའོ་ཚོགས་པས་ཀྱང་ཁེ་ལས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ད་ལྟར་སྐྲུན་བཞིན་པའི་ལས་གཞིར་སྐུལ་འདེད་མགྱོགས་སུ་གཏོང་བ། གསར་གཏོད་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ་དང་སྲིད་གཞུང་དང་ཁེ་ལས་གཉིས་ཁེ་ཡོང་བའི་རྣམ་པ་ཧུར་ཐག་གྲུབ་པ་བྱ་རྒྱུ་ཡིན། ཁུལ་གྱི་མགོ་ཁྲིད་ཏེང་ལི་ཅུན་དང་ཡོན་མིང་ཀོང་དང་། ཧྲུའུ་ཏའོ་ཚོགས་པའི་སྤྱི་ཁྱབ་སྤྱི་གཉེར་པ་ཀྲང་ཧྲེང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཧྲུའུ་ཏའོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བ་བཅས་མཇལ་འཕྲད་ནང་ཞུགས་པ་རེད།། 

  • ལེ་ཚན་སྔོན་མ།:ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་མཉམ་ལས་གླིང་ཁུལ་ལས་ཀའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།