ཁོར་ཡུག་སྲུང་སྐྱོང་ཐད་ལས་བྱེད་པ188ལ་འགན་འདྲི་བྱས་པ།

ཡེ་ཤེས་ཀྱིས་བསྒྱུར།        2022-04-28

ཉེ་ཆར། གཞི་གྲངས་གསར་ཤོས་ལས་མཚོན་པར་གཞིགས་ན། རེས་སྐོར་གཉིས་པའི་ཁག་དྲུག་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ239ལ་སྐོང་འདྲི་བྱས་པ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པ188ལ་འགན་འཁྲི་རྩད་གཅོད་བྱས་པ་རེད།

ཚེས23ཉིན་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། སྤྱི་ཟླ3པའི་ཚེས23ནས་ཚེས25ཉིན་བར་རེས་སྐོར་གཉིས་པའི་ཁག་དྲུག་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་ཧོ་པེ་དང་། ཅང་སུའུ། ནང་སོག བོད་ལྗོངས། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)ལྔ་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ལ་སྔ་རྗེས་སུ་བཅའ་སྡོད་བྱས་ནས་ལྟ་ཞིབ་ལས་དོན་བསྒྲུབས། མིག་སྔར་ལྟ་ཞིབ་ཚོ་ཆུང་ཁག་གཞི་རིམ་དུ་བཅའ་སྡོད་ཀྱི་ལས་འགན་ལེགས་འགྲུབ་བྱུང་ཡོད།

ཚེས22ཉིན་གྱི་དགོང་མོའི་བར། ལྟ་ཞིབ་ཚོ་ཆུང་ཁག་ལ་མང་ཚོགས་ཀྱི་ཁ་པར་དང་ཡིག་བསྐུར་ཐེར་འདོན14460འབྱོར་བ་དང་། ཐེར་འདོན་གྱོད་གཞི12425བདག་སྤྲོད་བྱས་པ། ཐེར་འདོན་གྱོད་གཞི་ལེགས་སྒྲིག་དང་ཟླ་སྒྲིལ་བཏང་བར་བརྟེན། རིམ་རྩིས་བྱས་ན་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)དང་དཔུང་ཚོགས་ལ་གྱོད་གཞི10445སྒྲུབ་སྤྲོད་བྱས་པ་རེད། འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)དང་དཔུང་ཚོགས་ཀྱིས་བསྒྲུབས་ཟིན་པ་དང་ཡང་ན་དུས་རིམ་བགོས་ནས་བསྒྲུབས་པའི་གྱོད་གཞི5772ཡོད། དེའི་ནང་དུ་ལས་ཁུངས1127ལ་ཐོ་འགོད་བྱས་ནས་ཆད་པ་བཅད་པ་དང་གྱོད་གཞི59ཐོ་འགོད་མྱུལ་ཞིབ་བྱས་ཤིང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པ239ལ་སྐོང་འདྲི་བྱས་པ་དང་ཏང་སྲིད་མགོ་ཁྲིད་ལས་བྱེད་པ188ལ་འགན་འཁྲི་རྩད་གཅོད་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དཔེ་ཀློག་ཉིན་མོར་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།