ངའི་མ་འོངས་པའི་ཕུགས་བསམ།

སློབ་མ། མཚོ་སྐྱེས་སྒྲོལ་མ།        2022-04-28

ང་ཚོ་སྨྲ་ཤེས་ཤིང་དོན་གོ་བའི་མི་བུ་ཞིག་ལ་མཚོན་ན་ཕུགས་བསམ་རེ་ཡོད་སྲིད། ཕུགས་བསམ་མེད་པའི་མི་ནི་རྣམ་ཤེས་མེད་པའི་བེམ་པོ་ཞིག་དང་མཚུངས་ལ། ཡང་ཅིག་བཤད་ན།ཕུགས་བསམ་ལ་རིང་ཐུང་ཡོད་པ་ལས་བཟང་ངན་ཡོད་མི་སྲིད་ཟེར།

རྒྱུ་མཚན་ནི་ང་ལ་རང་གི་ཚོད་ཀྱི་ཕུགས་བསམ་རེ་ཡོད། ངའི་ཕུགས་བསམ་ནི་མ་འོངས་པར་སྐད་ཡིག་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན། ངའི་དང་ཐོག་སྐད་ཡིག་འབྲི་ཀློག་ཙམ་ཤེས་པ་ནས་བཟུང་།སྙན་ཚིག་རེའམ་ཡང་ན་རྩོམ་ཐུང་རེ་འབྲི་ཁུལ་བྱས་པ་ཡིན།དེའི་ཆུ་ཐིགས་བསགས་ནས་རྒྱ་མཚོར་གྱུར་པ་ནང་བཞིན་ངའི་སྐད་ཡིག་འབྲི་ཀློག་ལ་ཕན་པ་ཆེན་པོ་བྱུང་། དུས་དེ་ནས་བཟུང་ངའི་སྐད་ཡིག་ཀློག་འདོན་དང་ཕུགས་འདུན་ཇེ་དྲག་ཏུ་སོང་།རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་ནི་མི་སུ་དང་གང་གི་སྐབས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན།ངའི་ཕུགས་བསམ་ནི་མ་འོངས་པར་སྐད་ཡིག་དགེ་རྒན་ཞིག་བྱས་ནས་སློབ་མ་ཚོ་ལ་སློབ་ཁྲིད་ཞིག་བྱེད་འདོད་པ་དེ་ཡིན། ངས་དེ་ལྟར་བརྩོན་པ་ཆུ་བོའི་རྒྱུན་བཞིན་ལ་བརྟེན་ནས་མ་འོངས་པར་རང་གི་སྐད་ཡིག་མཐོང་མ་ཐག་ཏུ། སེམས་ཚོར་སོགས་སྐད་ཡིག་ཏུ་འགོད་ཐུབ་པ་དང་ང་ལྟ་བུའི་སྐད་ཡིག་ལ་དུང་ཞེན་ཡོད་མཁན་དག་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་དེ་ནི་ངའི་མ་འོངས་པའི་ཕུགས་བསམ་ཡིན།

ངའི་ཕུགས་བསམ་ནི་རྣམ་དག་གི་སྐད་ཡིག་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན་ལ།མ་འོངས་པར་བདག་གི་བོད་ཡིག་དགེ་རྒན་ལྟ་བུའི་སྐད་ཡིག་དགེ་རྒན་ཞིག་བྱས་ནས་སློབ་མ་ཚོ་ལ་རིག་གནས་ཤིག་སློབ་ཏུ་འཇུག་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རྒྱུད་འཛིན་པ་ཞིག་སྐྱེད་སྲིང་བྱ་རྒྱུ་དེའོ།།

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རི་ཆུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།