རྨ་ཆེན་གངས་རི།

སློབ་མ། རྡོ་རྗེ་རྒྱལ།        2022-04-28

ང་སློབ་གྲྭར་འགྲོ་སྐབས་རྨ་ཆེན་གངས་རིའི་འགྲམ་ནས་ཡོང་དགོས།ད་དུང་ལམ་ཐག་ཀྱང་རིང་པོ་བརྒལ་ནས་ཡོང་དགོས། རྨ་ཆེན་གངས་རི་ནི་ངའི་ཕ་ཡུལ་གྱི་གཟི་བརྗིད་ཡིན་ཞིང་།དེ་ལ་ལོ་རྒྱུས་ཡང་མང་པོ་ཡོད།རྨ་ཆེན་གངས་རི་མཚོ་སྔོན་ས་ཆ་ན་ཡོད་ལ།མཚོ་སྔོན་ཞིང་ཆེན་ནས་ཤར་ལྷོ་ཕྱོགས་སུ་སྤྱི་ལེ་བརྒྱ་ཙམ་སོང་ན་རྨ་ཆེན་གངས་རིའི་འདབས་ལ་སླེབས།

ཟླ་བ་གསུམ་པའི་ཚེས་གཅིག་ཉིན་ང་རྨ་ཆེན་གངས་རིའི་འདབས་ཁ་བརྒྱུད་ནས་ཡོང་བ་ཡིན།དེ་ནས་ང་རང་རླངས་འཁོར་ལས་བབས་སྟེ།རྨ་ཆེན་གངས་རིར་བལྟས།རྨ་ཆེན་གངས་རི་ནི་དབུས་ཕྱོགས་ན་ཡོད་པའི་གངས་རི་དག་དང་བསྡུར་ན་མི་མཐོ་ནའང་།དེ་ནི་མིང་གྲགས་ཅན་གྱི་གངས་རི་ཞིག་ཡིན།ངས་གངས་རི་དེར་བལྟས་ནས་ཕལ་ཆེར་སྐར་མ་སུམ་ཅུ་འགོར་སོང་།ཨ་ཕས་ང་ལ་འགྲོ་ཟེར་མོད།ངས་ཨ་ཕ་ལ་ཅུང་ཙམ་སྒུག་དང་ཞེས་ལན་བཏབ།ང་རང་རྨ་ཆེན་གངས་རིའི་མདུན་དུ་སོང་ནས་རི་ཆུ་དང་མཛེས་སྡུག་སོགས་ལ་ཡིད་ཚིམས་པ་ཞིག་བལྟ་བསམ་མོད། འོན་ཀྱང་།དུས་ཚོད་ཀྱི་ཁོམ་ལོངས་མ་བྱུང་བས། བརྗིད་ཆགས་ཀྱི་གངས་རི་དེ་དང་རེ་ཞིག་བྲལ་དགོས་བྱུང་།

སློབ་གྲྭས་གུང་སེང་གཏོང་བའི་ཟླ་བ་བདུན་པའི་ཉིན་ཞིག་ལ་ཡང་བསྐྱར་རྨ་ཆེན་གངས་རི་ལ་ཐེངས་གཅིག་ཅིས་ཀྱང་ཡོང་དགོས་པའི་རེ་བཞག་སེམས་གཏིང་དུ་སྦུས། ལམ་བར་ནས་རྨ་ཆེན་གངས་རིའི་ལོ་རྒྱུས་དང་ཤེས་བྱ་སོགས་ཨ་ཕ་ལ་འདྲི་ཞོར་དུ་ཡོང་བ་ཡིན། འོན་ཀྱང་ཨ་ཕས་ཀྱང་ང་ལ་གསལ་ཁ་དོད་པ་དང་ཕུན་སུམ་ཚོགས་པ་ཞིག་བཤད་མ་སོང་།


  • ལེ་ཚན་སྔོན་མ།:རང་ཉིད་བོར་བའི་ལེའུ།
  • ལེ་ཚན་རྗེས་མ།:ཞོགས་པའི་ཡུལ་ལྗོངས།