ལོ་ན་གོ་གཉིས་ལོན་པའི་དགེ་རྒན་ཁྲེན་ལགས་ཀྱི་སློབ་གསོའི་བྱ་གཞག།

རྟ་མགྲིན་རྡོ་རྗེས་བྲིས།        2022-04-29

མི་ལོ་སོ་བརྒྱད་རིང་ལ་སློབ་གསོའི་ལས་ལ་བརྩོན་པར་མ་ཟད་རྗེས་རབས་པ་རྣམས་ཀྱང་སློབ་གསོའི་ལས་དོན་དུ་ཞུགས།

ལོ་ན་གོ་གཉིས་ལོན་པའི་དགེ་རྒན་ཁྲེན་ལགས་ཀྱི་སློབ་གསོའི་བྱ་གཞག།


ཉག་ཆུ་རྫོང་གི་གྲོང་ནང་དུ་ཁྲེན་ཞན་ཧྲོང་ཞེས་པའི་མིང་འདི་གླེང་སྐབས་མི་ཚང་མར་ཆ་རྒྱུས་དེ་ཙམ་མེད་མོད། དགེ་རྒན་ཁྲེན་ཞེས་བརྗོད་ཚེ་མི་ཤེས་མཁན་གཅིག་ཀྱང་མེད། ཉག་ཆུ་རྫོང་གི་ལོ་ན་དགུ་བཅུ་གོ་གཉིས་ལོན་པའི་ཁྲེན་ཞན་ཧྲོང་གིས་ལོ་ངོ་སོ་བརྒྱད་རིང་ལ་སློབ་གསོའི་ལས་དོན་གྱི་ལམ་བུ་ཁྲོད་དུ་འབད་འབུངས་བྱས་པ་རེད།

སློབ་སྦྱོང་གི་ལམ་བུ་ཁྲོད་དུ་དཀའ་བ་བརྒྱ་ཕྲག་འཕྲད་ཀྱང་གཞོན་ནུའི་སྙིང་སྟོབས་འགོག་མ་ཐུབ།

1946ལོར་ཁྲེན་ཞན་ཧྲོང་ཉག་ཆུ་རྫོང་གྲོང་ཁུལ་སློབ་ཆུང་ནས་སློབ་མཐར་ཕྱིན་རྗེས། ཕ་ཡུལ་དབུལ་ཕོངས་ཉམས་ཞན་ཡིན་པ་དང་བྱ་གཞག་ཡོངས་རྫོགས་དར་སྤེལ་གཏོང་དགོས་པའི་ཚོར་སྣང་ཟབ་མོ་སྐྱེས་ཤིང་། ལོ་ན་གཞོན་པའི་ཁོ་བོའི་ཤེས་བྱས་ཕ་ཡུལ་འགྱུར་ལྡོག་གཏོང་བའི་ཆོད་སེམས་བཅངས་ནས་དར་མདོ་རྒྱལ་གཉེར་དགེ་འོས་སློབ་གྲྭར་སློབ་སྦྱོང་བྱེད་དུ་བསྐྱོད། ཆེས་རྗེས་ལུས་ཡིན་པའི་འགྲིམ་འགྲུལ་དང་ཟང་ཟིང་གི་སྤྱི་ཚོགས་ཁོར་ཡུག་དེས་ཁྲེན་ཞན་ཧྲོང་གི་བློ་སེམས་ལ་འགྱུར་བ་དང་བཀག་འགོག་མ་ཐུབ་པར། བཟའ་བཅའ་རྒྱབ་ཏུ་ཁུར་ཏེ་ཉེན་ཁ་ལ་མི་འཛེམས་ནས་རྐང་ཐང་དུ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཕྱིན་ནས་སློབ་གཉེར་གྱི་ལམ་བུར་གོམ་ཁ་བསྒྱུར་བ་རེད།

རུས་པའི་རྐང་ལ་ཟུང་པའི་གྲང་རླུང་ནི་རྣོ་ངར་ཅན་གྱི་རལ་གྲི་ཞིག་དང་མཚུངས་ཤིང་། ནམ་རྒྱུན་ཁོ་བོའི་ངོ་གདོང་དང་ལག་པར་གཙེས་པས་འདི་ནི་རྒྱུན་ལྡན་ཅན་གྱི་བྱ་བ་ཞིག་ཏུ་གྱུར། འོན་ཀྱང་ཁྲེན་ཞན་ཧྲོང་ལ་མཚོན་ན་དཀའ་ངལ་མཐའ་དག་ལ་བཟོད་བསྲན་དང་གདོང་གཏུག་བྱས་ནས་སློབ་སྦྱོང་བྱེད་པ་ནི་རྒྱལ་ཁབ་དང་མི་རིགས་སྐྱོབ་པའི་ཆེད་དུ་ཡིན་ཞིང་།

དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱས་ཚེ་གཞི་ནས་སློབ་གསོ་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཐུབ། དར་མདོ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཁོ་བོས་ཐེ་ཚོམ་མེད་པར་སློབ་གསོའི་ལས་གནས་བདམས་པར་མ་ཟད་ཕྱིར་ཕ་ཡུལ་ཉག་ཆུ་ཁར་ལོག་རྒྱུའི་རེ་བ་ཞུས།

ལོ་ན་གོ་གཉིས་ལོན་པའི་དགེ་རྒན་ཁྲེན་ལགས་ཀྱི་སློབ་གསོའི་བྱ་གཞག།
ཁྲེན་ཞན་ཧྲོང་གི་སློབ་མས་དྲིན་ཆེན་གྱི་དགེ་རྒན་ལ་བཀའ་དྲིན་ཞུས་པ།

ས་གནས་མང་པོར་སོང་ནས་སློབ་ཁྲིད་བྱས་ཤིང་སློབ་ཆུང་གི་ཀུན་འཇོན་དགེ་རྒན་དུ་གྱུར།

1956ལོར། ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་གྲོང་འདབས་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་པའི་ཁྲེན་ཞན་ཧྲོང་ལ་སྟབས་མ་ལེགས་པར་རྐེད་ཚིགས་འདུས་འདྲིལ་གྱི་ནད་ཕོག། སྐབས་དེར་ཁོང་གིས་མཐར་ཕྱིན་འཛིན་གྲྭར་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་སློབ་མའི་སློབ་ཐོན་ཡིག་རྒྱུགས་ལ་འགལ་རྐྱེན་མི་བཟོ་བའི་ཆེད་དུ། ཁོང་གིས་རང་ཉིད་ཀྱི་ན་ཟུག་བཟོད་བསྲན་བྱས་ནས་སློབ་ཁྲིད་རྒྱུན་བསྐྱངས་ཀྱང་རྗེས་སུ་ཡར་ལངས་མི་ཐུབ་པར་གྱུར་པས་སློབ་མ་རྣམས་རང་ཉིད་ཀྱི་སྡོད་ཤག་དུ་བོས་ནས་སློབ་ཁྲིད་བྱས། མཐར་སྨན་པར་བསྟེན་རྒྱུ་འཕྱི་དྲག་པས་ནད་གཞི་ལྕི་རུ་ཕྱིན་ནས་བྲང་ཚིགས་ལྔ་བཅད་ཀྱང་དེས་ཁོང་གིས་དགེ་རྒན་བྱེད་པའི་དད་མོས་ནམ་ཡང་གསུབ་མ་ཐུབ། སྐབས་དེར་ཉག་ཆུ་རྫོང་གི་སློབ་གསོའི་ལས་དོན་ཐོག་མའི་འཕེལ་རྒྱས་ཀྱི་དུས་ཡིན་ཞིང་།ཁྲེན་ཞན་ཧྲོང་གི་ནད་གཞི་སངས་དྲག་མ་བྱུང་ཡང་རང་འགུལ་ངང་རྩ་འཛུགས་ལ་ལས་ཀ་བཀོད་སྒྲིག་བྱ་རྒྱུའི་རེ་འདུན་ཞུས།

མཚོ་འཕགས་་སྨི4000ཙམ་ཡོད་པའི་མགོ་ལོག་ཤུལ་ཡུལ་ཤོག་རྒྱ་བཙུགས་གྲོང་སྡེའི་གངས་རི་དང་རྩྭ་ཐང་ཡོངས་སུ་ཁྲེན་ཞན་ཧྲོང་གི་རྐང་རྗེས་བཞག་མྱོང་། སེམས་ལ་བཅིངས་པའི་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་ས་བོན་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་བཏབ། མཁར་རིང་པོ་ཡུལ་ཤོག་གི་ཆེས་རྗེས་ལུས་ཡིན་པའི་མེ་ཤུལ་ལུང་གྲོང་སྡེ་ལ་དངོས་པོ་རྒྱུ་ཆ་ཧ་ཅང་དཀོན་པའི་ལོ་རབས་དེར་ཁྲེན་ཞན་ཧྲོང་གིས་དགེ་སློབ་ཡོངས་སྣེ་ཁྲིད་ནས་མཐོ་རི་བོའི་མགོ་ནས་བུད་ཤིང་འཐུས་པ་དང་དམའ་ཆུ་མོའི་གཞུང་ནས་ཉ་བཟུང་བར་མ་ཟད་ས་རྒོད་བསློག་ནས་ས་ཞིང་བཏབ། ཤེས་བྱ་བསླབ་པའི་ཞོར་དུ་དགེ་སློབ་རྣམས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་བྱས་པ་དང་ཚེ་གང་བོར་རི་ཆུའི་ལམ་འཕྲང་བཅད་ཅིང་སློབ་གྲྭ་འཛུགས་གཉེར་གནང་། ལག་རྟེན་ཐོགས་པའི་དགེ་རྒན་ཁྲེན་ལགས་ཀྱི་བླ་མེད་ཀྱི་ཐུགས་ཁུར་དང་སློབ་གསོའི་བྱ་གཞག་དེས་སློབ་མ་དང་ཁྱིམ་བདག་རྣམས་ལ་སེམས་འགུལ་ཐེབས་པར་མ་ཟད། སློབ་བུ་རྣམས་ཀྱི་ནམ་སེམས་སུ་ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི་ངེས་ཤེས་སྐྱེས་སུ་བཅུག།

ལོ་ངོ་གསུམ་གྱི་རྗེས་སུ། ཁྲེན་ཞན་ཧྲོང་ཡང་བསྐྱར་ཆུ་ཁ་གྲོང་རྡལ་གྲོང་འདབས་སློབ་ཆུང་དུ་སློབ་ཁྲིད་བྱེད་པར་སླེབས། སྐབས་དེར་སློབ་གྲྭར་དགེ་རྒན་དཀོན་པས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲེན་ཞན་ཧྲོང་གིས་མ་སྐུལ་དང་བླངས་ཀྱིས་རྒྱ་ཡིག་དང་རྩིས་རིག། བོད་ཡིག། མཛེས་རྩལ་སོགས་ཀྱི་སློབ་ཁྲིད་ལས་དོན་འགན་བཞེས་གནང་བར་མ་ཟད། ད་དུང་ཨོག་ལེན་ཆུང་ངུ་དང་ལག་སྦྲེང་རོལ་ཆ། པི་ཝང་རྒྱུད་གཉིས་མ་སོགས་རོལ་ཆས་རང་སྦྱོང་བྱས་ནས་རོལ་དབྱངས་སློབ་གསོ་ཧུར་ཐག་གིས་སྤེལ་བས་ཉག་ཆུ་རྫོང་གི་སློབ་ཆུང་སློབ་གསོའི་ཁྱབ་ཁོངས་ཁྲོད་ཀྱི་ཀུན་འཇོན་དགེ་རྒན་དུ་གྱུར། “སློབ་གྲྭ་ཆུང་འབྲིང་གཅིག་འདུས་ཀྱི་ལམ་ལུགས”བཙུགས་པ་ནས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཙུགས་པའི་བར་ཁྲེན་ཞན་ཧྲོང་གིས་གྲུབ་འབྲས་དངོས་ཀྱི་ཐོག་ནས་རང་ཉིད་དགེ་རྒན་གྱི་ལས་རིགས་ལ་དགའ་ཞེན་ཆེ་བ་ར་སྤྲོད་བྱས་པ་རེད།

དགེ་རྒན་བྱེད་རིང་རྩ་འཛུགས་ཀྱིས་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་པ་བརྒྱུད་ནས་ཁྲེན་ཞན་ཧྲོང་ནི་གཟི་བརྗིད་ལྡན་པའི་ཀྲུང་གུང་ཏང་ཡོན་ཞིག་ཏུ་གྱུར། ལོ་ངོ38རིང་གི་སློབ་གསོའི་ལས་དོན་ཁྲོད་ཁྲེན་ཞན་ཧྲོང་གིས་སྤྱོད་གཙང་གཞུང་དྲང་གི་ལས་ཀའི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ཤིང་ངལ་བ་དང་འཁང་ར་

བཟོད་ནས་ཧུར་ཐག་འབད་ཐག་གིས་ལས་དོན་བསྒྲུབ། 1990ལོར་ལས་འཁྱུར་ངལ་གསོ་བརྒྱབ་པ་དང་ཁོ་བོས་ཟོལ་མེད་ཀྱི་ལྷག་བསམ་དེས་གུང་ཁྲན་ཏང་ཡོན་ཞིག་གིས་ཏང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས།

ཚེ་གང་སློབ་གསོར་བྲེལ་བས་རེ་བ་མ་བརླགས་ཤིང་རྗེས་རབས་པ་རྣམས་ཀྱང་སློབ་གསོའི་ལས་དོན་དུ་ཞུགས།

སློབ་ཁྲིད་ལས་གནས་ནས་ཁ་བྲལ་རྗེས་ཁྲེན་ཞན་ཧྲོང་གིས་ལས་འཁྱུར་ངལ་གསོའི་ལྷོད་གཡེང་གི་འཚོ་བ་སྐྱེལ་རྒྱུ་མ་བདམ་པར་ཁོང་གིས་རང་ཉིད་འཚོ་སྡོད་བྱེད་པའི་བཅུ་གཉིས་པ་གྲོང་སྡེའི་ནང་གི་མང་ཚོགས་ལ་དོགས་གནད་སེལ་བ་དང་ཕྲུ་གུ་ལ་མིང་འདོགས་པ་བྱས་པ་དང་ཁོང་ཚོར་སློབ་སྦྱོང་མང་ཙམ་བྱ་རྒྱུའི་སྐུལ་མ་བྱས་པར་མ་ཟད། གྲོང་སྡེའི་ནང་གི་སློབ་མར་སློབ་སྦྱོང་རྒྱུན་འཁྱོངས་བྱ་རྒྱུའི་སློབ་གསོ་ཡང་ཡང་བཏང་བ་རེད།

ཁྱིམ་སྲོལ་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་ཕ་རྒན་ཁྲེན་ཞན་ཧྲོང་གི་ནན་ཏན་གྱི་སློབ་སྟོན་འོག་ཏུ་བུ་རྒྱུད་དྲུག་པོས་འབད་འབུངས་ཆེན་པོས་སློབ་སྦྱོང་བྱས་པས། ཁྲེན་ཞན་ཧྲོང་ཁྱིམ་ཚང་ནི་ས་གནས་དེ་གར་སྐད་གྲགས་ཆོད་པའི་དཔེ་ཆའི་མི་ཁྱིམ་དང་པོར་གྱུར། ཁྲེན་ཞན་ཧྲོང་གི་རྗེས་རབས་པ་དང་ཚ་བོ་རྣམས་ཀྱང་སྔ་རྗེས་སུ་མི་དམངས་དགེ་རྒན་གྱི་ལས་གནས་ཐོག་ཏུ་བསྐྱོད་དེ་སློབ་གསོའི་བྱ་གཞག་རྒྱུད་འཛིན་བྱས།

ཀྲུང་གོ་གསར་པ་བཙུགས་རྗེས་ཀྱི་སློབ་གསོ་པ་ཞིག་ཡིན་པའི་ཆ་ནས། ལོ་ངོ་བཅུ་ཕྲག་འགའི་རིང་ཁྲེན་ཞན་ཧྲོང་གིས་རང་རྒྱལ་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་བརྗེ་རེས་དང་འཕེལ་རྒྱས་བདེན་དཔང་བྱས་པར་མ་ཟད། སློབ་གསོས་མཐོ་སྒང་འདིར་གནམ་ས་བླ་འོག་གི་འགྱུར་ལྡོག་བཏང་བར་བདེན་དཔང་བྱས་པ་རེད། ཁོ་བོས་དུས་རབས་ཀྱི་འགན་འཁྲི་འཕྲག་ཏུ་བཞེས་ནས་སློབ་གསོའི་ཐོག་མའི་བསམ་འདུན་སེམས་ལ་འཆང་ཞིང་སྐྱེད་སྲིང་བྱས་པའི་སློབ་མའི་ཁྲོད་དུ་ལ་ལ་ནི་ཁོ་དང་འདྲ་བར་དགེ་རྒན་གྱི་ལས་གནས་བདམས་པ་དང་ལ་ལ་ནི་སྨན་པ་དང་ལས་གྲྭ་སོགས་ལས་གནས་གཞན་དག་ཁྲོད་དུ་གྲུབ་འབྲས་རྩེར་སོན་པའི་ཆེད་མཁས་པ་ཡོད་པར་མ་ཟད། སྤྱིར་བཏང་གི་ལས་གནས་ཐོག་འབད་འབུངས་བྱེད་བཞིན་པའི་རྐང་འཛིན་ལས་དོན་པ་ཡང་ཡོད་པ་རེད།

གངས་ཅན་སྐྱིད་པའི་ལྗོངས་སུ་གསེར་མདོག་གི་ཉི་འོད་ས་གཞིར་འཕྲོས་ཤིང་བསིལ་འཇམ་གྱི་རླུང་བུ་དལ་གྱིས་ལྡིང་བས་ས་གཞི་ཡོངས་སུ་སྐལ་བཟང་མེ་ཏོག་བཞད། ཁྲེན་ཞན་ཧྲོང་གིས་གསོ་སྐྱོང་བྱས་པའི་སློབ་བུ་དག་ནི་སྐལ་བཟང་མེ་ཏོག་དེ་དང་ཡོངས་སུ་མཚུངས་ཤིང་གངས་ལྗོངས་ཀྱི་རི་ཀླུང་ཐང་གསུམ་ཀུན་ཏུ་མཛེས་སྡུག་གི་སྒེག་ཉམས་ཀུན་ནས་མངོན་ནོ།།




  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་བྱིས་པར་འགོག་ཁབ་རྒྱག་པའི་ཉིན་མོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལྔ་གཅིག་གུང་གསེང་དུས་སུ་མཛེས་པའི་དཔལ་ཉམས་ཀྱིས་ཕྱུག་པའི་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུ།
  • དོ་སྣང་ཆེ་བའི་རྩོམ།