ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་མཉམ་ལས་གླིང་ཁུལ་ལས་ཀའི་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-05

སྤྱི་ཟླ4པའི་ཚེས26ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་མཉམ་ལས་གླིང་ཁུལ་ལས་ཀའི་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་ལས་ཀའི་སྙན་ཞུར་ཆེད་དོན་གསན་འཇོག་གནང་བ་དང་ཕྱིན་ཆད་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་དུས་རབས་གསར་པ་ནི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བྱེད་པ་བཅས་ཀྱི་དུས་རབས་ཤིག་ཡིན་པ་དང་། གནས་ཐིག་གཏན་འཁེལ་གསར་པ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་བྱེད་ནུས་གནས་ངེས་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ལ་སྣང་ཆེན་དང་འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་འདོགས། ཉེན་མེད་འགན་ལེན་བཅས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔའི”སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་ལ་དམ་པོར་དམིགས་ནས་དུས་རབས་གསར་པ་ཁོང་དུ་ཆུད་པ་དང་། ངེས་གནས་གསར་པར་དམིགས་པ་དང་གོ་སྐབས་གསར་པ་དམ་འཛིན་བཅས་བྱས་ཏེ་འབྱུང་འཕྲོད་བཟོ་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་ས་ཁོངས་ཀྱི་ནུས་པ་གནས་ས་གཏན་འཁེལ་བྱ་རྒྱུར་གཞི་ཚུགས་ནས་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། རང་ཁུལ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་རེད། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་དེ་འགྱུར་མེད་རང་བཞིན་གྱི་བླང་བྱར་བརྩི་རྒྱུར་རྒྱུན་འཁྱོངས་བྱས་ནས་རགས་ལས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་མཐའ་གཅིག་ཏུ་དོར་ནས་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལ་བརྩིས་ནས་རང་བྱུང་རྒྱུ་ནོར་དང་སྐྱེ་ཁམས་རྒྱུ་ནོར་གྱིས་སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་རྒྱུན་ཆད་མེད་པར་བཏོད་དགོས། ནུས་ཁུངས་ཟད་གྲོན་ཆེ་བ་དང་བཙོག་འབུད་མང་བཞི་རྣམ་གྲངས་རང་ཁུལ་དུ་གཏང་རྒྱུར་བཀག་འགོག་ནན་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུལ་ལ་བློས་བཏང་ནས་ཕ་ཚ་བུ་རྒྱུད་ཀྱི་འཚོ་གནས་བྱ་ཡུལ་ལ་བསམ་བློ་གཏང་རྒྱུ་རིན་དོད་དུ་བྱས་ནས་གནས་སྐབས་ཀྱི་དཔལ་འབྱོར་འཕར་རྒྱུ་གཏན་ནས་བྱེད་མི་རུང་། ཐོན་ཁུངས་རང་སྤུས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ཆོས་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་པ་དང་མཉམ་ལས་གླིང་ཁུལ་དུ་གཞི་ཚུགས་ནས་མཉམ་འགུལ་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏང་རྒྱུར་གཞི་ཚུགས་ནས་ནང་སྐྱེས་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཧྲུའུ་ཏའོ་ཚོགས་པའི་ལས་འཛིན་པ་ཐང་ཡུང་དང་བཅས་པ་ལ་འཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཕེང་ཀུ་ཤུ་ལས་བྱུང་བའི་འཚོ་བ་སྐྱིད་པོ།
  • དོ་སྣང་ཆེ་བའི་རྩོམ།