ན་བུན་ལྟ་བུའི་སེམས་འགྱུ།

བྲན།        2022-05-06

དྲི་བཞོན་གར་གྱི་བྱེད་པོས་མིག་ལ་ཐོགས་པའི། །

སྟོན་མཇུག་ལོ་མ་སེར་བོ་ས་རུ་འཐོར་བྱུང་། །

ཁ་བའི་འདབ་མར་བྲིས་པའི་སེམས་པ་རེ་ལ། །

རེག་བྱའི་མེ་ལྕེ་འཁྱུད་པའི་རྣམ་འགྱུར་རྒོད་ཨང་། །

ལྷགས་རླུང་བུ་ཡུག་ཁ་ཆར་འདྲེས་མའི་ཁྲོད་ནས། །

རིགས་ཀྱི་གདོང་ལ་འཛུམ་ཤ་ཀྲོང་ཀྲོང་དོད་པའི། །

གང་ཞིག་འཛུམ་པའི་ཞལ་གྱི་རི་བོང་དཀར་པོ། །

ད་དུང་གཉིད་ལ་ཡར་བའི་དོགས་པ་འཆར་ཡོང་། །

རྫ་ཁའི་རི་དྭགས་མིག་ལ་མེ་ཏོག་དམར་པོ། །

བློ་ལྡན་དྲང་པོའི་མིག་ལ་གཡོ་དང་སྒྱུ་ཡི། །

བྱ་བ་ཤོང་བར་དཀའ་བའི་དཔེ་མཚོན་དེ་གས། །

སྒྱུ་མའི་ཐང་གི་ཆུ་མིག་སྔོན་ནས་སྐམ་སོང་། །

རྟ་ཁྱུ་ཆུ་ཁར་དེད་པའི་འཁྲུལ་བ་དེ་དག །

རང་གི་སྣང་བར་ན་ནིང་ཤར་བ་ཇི་བཞིན། །

གླེགས་བམ་དམར་པོའི་ཁུག་གི་མགྲོན་པོ་དེ་ཡང་། །

རྟག་བརྟན་ཐེར་ཟུགས་ཤིག་གི་མཚན་གཞི་མ་རེད། །



  • ལེ་ཚན་སྔོན་མ།:མཁའ་འགྲོའི་འཛུམ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།