མཁའ་འགྲོའི་འཛུམ་ཆུང་།

ཤ་འོད།        2022-05-05

མཁའ་འགྲོའི་འཛུམ་ཆུང་།

མཚན་ལྗོངས་སྐར་ཚོགས་ཁྲོད་ལ།།

བརྩེ་བའི་འཛུམ་ཆུང་འཁྲུངས་ཡོད།།

བརྩེ་བའི་འཛུམ་ཆུང་ཁུད་ན།།

ཕྱིར་དྲན་བརྒྱ་དང་བརྒྱད་ཡོད།།

བརྒྱ་དང་བརྒྱད་ཀྱི་དཀྱིལ་དུ།།

མེ་ཏོག་འདབ་བརྒྱད་བཞད་ཡོད།།

མཛེས་པའི་མེ་ཏོག་དེ་ལ།།

མི་འགྱུར་དམ་བཅའ་བཞག་ཡོད།།

དམ་བཅའི་སྐེ་རྒྱན་བཏགས་ཡོད།།

མཛེས་པའི་རྩྭ་ཐང་ཐོག་ཏུ།།

རླུང་བུ་ཡང་ཡང་འཛུམ་ཡོད།།

འཛུམ་ཆུང་ཟླ་བའི་མེ་ཏོག།

མི་ཚོགས་ཁྲོམ་ནས་མངོན་ཡོང་།།

ལྗོན་པའི་བསིལ་གྲིབ་དཀྱིལ་ན།།

ཁྱོད་ནི་ལྷག་ཏུ་མཛེས་པ།།

སྡེ་ཆེན་དཀྱིལ་གྱི་བུ་ཆུང་།།

རྨི་ལམ་སྟོང་ལ་ལུས་སོང་།།

རྨི་ལམ་སྟོང་ལ་འཁྲུལ་སོང་།།



  • ལེ་ཚན་སྔོན་མ།:མཚན་གུང་གི་འཁུན་སྒྲ།
  • ལེ་ཚན་རྗེས་མ།:ན་བུན་ལྟ་བུའི་སེམས་འགྱུ།