ཨ་མགོན་གྱིས་བྲིས། 2022-05-06
སྡེ་དགེ་རྫོང་སྲིད་གཞུང་གི་ལས་སྒྲུབ་མི་སྣས་ནུས་ཤུགས་ཡོད་རྒུས་ང་ཚོར་སྨན་ཤོར་ས་གནས་འོས་སྦྱོར་བྱས་བྱུང་།“ཁྱོད་ཚོ་ས་གནས་དེར་ངེས་པར་དུ་འགྲོ་དགོས།ས་གནས་དེ་གར་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མང་ཆེ་བ་གཅིག་འདུས་བྱས་ནས་ཡོད་པར་བརྟེན། སྨན་ཤོར་ལ་སྐོར་གཅིག་ཕྱིན་ནས་ལྟ་སྐོར་བྱས་ན་ཧ་ལམ་སི་ཁྲོན་ནུབ་རྒྱུད་དུ་བསྐྱོད་ཚར་བར་བརྩི་ཆོག་གི་ཡོད”ཅེས་བཤད། ངག་རྒྱུན་དུ་ས་གནས་དེ་ནས་སྨན་རྒྱུ་ཐོན་གྱི་ཡོད་པར་བརྟེན།དེ་ནི“ལྷ་ཡིས་སྨན་རྒྱུ་བརླག་པའི་ས་ཆ་ཞིག་རེད”ཅེས་བཤད་སྲོལ་ཡོད་པ་རེད། སྔོན་ཆད་གྲོང་སྡེ་ཡོད་སའི་ཆུ་བོ་འབབ་རྒྱུད་ཀྱི་གནས་བབ་ལ་གཞིགས་ན།སྨན་ཤོར་ལ་སྨན་ཤོར་སྟོད་པ་དང་སྨན་ཤོར་བར་མ། སྨན་ཤོར་སྨད་པ་བཅས་སུ་བགོས་ཡོད་པ་རེད།
བོད་ཀྱི་ལག་ཤེས་བཟོ་རྩལ་སྣ་ཚོགས་ལས་རྫ་ནག་དང་འབྲི་གཡག་གི་ཁུ་ལུ། ལུག་བལ་འཁེལ་འཐག།ཟངས་མགར།ཐང་ཀ། ཤིང་བརྐོས་བཅས་ཕུད་ཁ།ད་དུང་བོད་ལུགས་གསོ་རིག་དང་བོད་སྤོས།གསེར་དངུལ་མགར་རྩལ་ལས་སྣོན།འཚེམ་བཟོ་སོགས་བོད་བརྒྱུད་ལག་ཤེས་བཟོ་རྩལ་རིགས15དང་ཕུན་སུམ་ཚོགས་པའི་ལག་ཤེས་བཟོ་རྩལ་ཡང་ཡོད་པས་ང་ཚོས་སྔོན་དཔག་བྱས་པ་དང་བསྡུར་ན་ཆེས་ཆེར་བརྒལ་ཡོད། སྨན་ཤོར་གྱི་ལག་ཤེས་བཟོ་རྩོལ་བྱེད་སྟངས་དང་རྣམ་པ་ལ་ཡང་མིག་དཔེའི་རང་བཞིན་ཡོད་པས་སླད་ཕྱིན་བོད་ཀྱི་ཕྱོགས་བསྡུས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ས་ཁོངས་ཀྱི་ངོས་ནས་རྒྱལ་ཁབ་ལ་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་སུ་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་ཡིན་པ་རེད།
བཀྲ་ཤིས་དཔལ་མོས་འཁེལ་འཐག་བྱེད་བཞིན་པ།
ཀ། འཁེལ་འཐག་བཟོ་རྩལ་གྱི་རྒྱུན་འཛིན་པ་བཀྲ་ཤིས་དཔལ་མོ།
རྣམ་གྲངས་དེའི་གྲོས་འགོ་འདོན་མཁན་བློ་བཟང་ཕུན་ཚོགས་ཀྱིས“གལ་ཏེ་དབུལ་པོ་ཡིན་ན་དེ་ཟ་བ་ལས། ལག་རྩལ་དང་རིག་གནས་ཤེས་བྱ་ཡིས་རྒྱན་ཆ་སྤྲད་ན།དེ་ནི་ཚེ་གང་གི་རྒྱུ་ནོར་ཞིག་རེད”ཅེས་བཤད།
སྨྱུག་འཛིན་པས་ཁུ་ལུ་དང་ལུག་བལ་འཁེལ་འཐག་སྒྱུ་རྩལ་པ་ལོ་ན56ལ་སོན་པའི་བཀྲ་ཤིས་དཔལ་མོར་བཅར་འདྲི་བྱེད་དུ་ཕྱིན་པ་ཡིན། བཀྲ་ཤིས་དཔལ་མོ་ཚང་ནི་གནའ་ཉམས་ཀྱིས་ཕྱུག་པའི་ཀྱི་བོད་ཀྱི་ཁྱིམ་གཞིས་ཤིག་རེད།གནའ་རབས་ཀྱི་ཁང་པའི་བཟོ་རྩལ་ཐད་བཀོལ་སྤྱོད་བྱས་པའི་ས་སེར་པོ་དང་རང་བྱུང་ཤིང་ཆའི་རང་མདངས་མངོན་གྱི་འདུག།
གནག་ཕྱུགས་ཀྱི་ཁུ་ལུ་དང་གཡང་དཀར་ལུག་གི་བལ་འཇམ་གྱི་འཁེལ་འཐག་བཟོ་རྩལ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིག་ཡིན་ཞིང་། བུད་མེད་ཚོས་རང་ཁྱིམ་གྱིས་གསོས་པའི་འབྲི་གཡག་གི་ཁུ་ལུ་དང་ལུག་བལ་གྱིས་རྒྱུན་སྤྱོད་ཀྱི་གྱོན་ཆས་དང་ཁ་དཀྲིས་བཟོ་སྲོལ་ཡོད་པ་རེད། དེང་རབས་ཀྱི་འཁེལ་འཐག་མཁོ་ཆས་ཀྱི་ནང་དུ་བཞུར་བ་དང་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བརླག་གི་ལག་རྩལ་འདི་ཕལ་ཆེར་རྒྱུན་ཆད་ལ་ཉེ་བ་རེད། ད་ཆ་ལོ་ན་བདུན་ཅུ་ལྷག་ཙམ་ལ་སོན་པའི་ཚེ་རིང་དཔལ་མོ་ནི་སྨན་ཤོར་ས་ཆའི་སྲོལ་རྒྱུན་ལག་ཤེས་ཡོངས་རྫོགས་ཁོང་དུ་ཆུད་པའི་མི་གཅིག་པུ་དེ་རེད།
2003ལོར“འཁེལ་འཐག་འཛིན་གྲྭར”ཚེ་རིང་དཔལ་མོ་དགེ་རྒན་དུ་གདན་དྲངས་ནས་ལག་རྩལ་དེ་རྒྱུན་འཛིན་བྱས་པ་རེད། ད་ཆ་ཚེ་རིང་ལྷ་མོ་དགུང་ལོ་མཐོན་པོར་སླེབས་ཤིང་། གནག་ཕྱུགས་ཀྱི་ཁུ་ལུ་དང་གཡང་དཀར་ལུག་གི་བལ་འཇམ་འཁེལ་འཐག་ལས་ཀ་ནི་རྙོག་འཛིང་ཆེ་ལ་ལུས་ཤུགས་ཟད་གྲོན་ཆེ་བའི་ལས་ཀ་ཞིག་ཡིན་ཞིང་། ཁོ་མོས་ལས་ཀ་འདི་སྒྲུབ་གཉེར་བྱེད་ཁག་པོའི་གནས་སུ་སླེབས་པར་བརྟེན།ཁོ་ཚང་གི་མནའ་མ་བཀྲ་ཤིས་དཔལ་མོ་ས་གནས་དེ་གའི་གནག་ཕྱུགས་ཀྱི་ཁུ་ལུ་དང་གཡང་དཀར་ལུག་གི་བལ་འཇམ་འཁེལ་འཐག་གི་དགེ་རྒན་འབའ་ཞིག་ཏུ་གྱུར་པ་རེད།
གྲོང་སྡེའི་བུད་མེད་ཚོས་འཁེལ་འཐག་བྱེད་བཞིན་པ།
ཉིན་གཉིས་པར་ང་ཚོས་འཁེལ་འཐག་འཛིན་གྲྭའི་ལས་ཁང་དུ་བཀྲ་ཤིས་དཔལ་མོ་མཐོང་བྱུང་། ལས་ཁང་གི་སྒོར་ཟུར་གཅིག་གི་ཤིང་ཁྲིའི་ཐོག་ཁ་དཀྲིས་དང་ས་གདན་སོགས་ཀྱི་ཐོན་རྫས་མང་པོ་བསྒྲིགས་ཡོད་པ་དང་སྒེའུ་ཁུང་གི་འགྲམ་དུ་འཁེལ་འཐག་འཕྲུལ་འཁོར་དྲུག་མཉམ་དུ་བསྒྲིགས་ཡོད་ཅིང་།བཀྲ་ཤིས་པ་མོས་བོད་རིགས་བུད་མེད་ཁ་ཤས་ཁྲིད་དེ་དེའི་ཁྲོད་དུ་འཕུར་རྩལ་བྱེད་བཞིན་འདུག། ཉི་འོད་སྒེའུ་ཁུང་ནས་འཐག་ཁྲི་དང་འཐག་མའི་ཐོག་ཏུ་འཕྲོས་པ་ལས་སྨྱུག་འཛིན་པར་གནའ་བོའི་རྣམ་པའི་མྱོང་ཚོར་རང་ཤུགས་སུ་སྟེར།
བཀྲ་ཤིས་དཔལ་མོས་ས་གནས་དེ་གའི་མི་ཚོས་ནོར་གནག་ལ་ཁུ་ལུའི་མཛོད་ཅེས་བརྗོད་ཀྱི་ཡོད།འཇམ་རྩུབ་པའི་རྩི་མ་དེ་ནི་ཕྱིའི་སྤུ་རྩུབ་པོས་བཀབ་ཡོད་པར་མ་ཟད།ཕྲ་ཞིང་རིང་ལ་གུག་ཡོད་པས།གཏུབ་གྲིས་སྟབས་བདེ་པོས་འབྲེག་ཐབས་བྲལ་བས་ལག་པས་འཐུ་རྒྱུ་ལས་ཐབས་གཞན་མེད་པ་རེད་ཅེས་བཤད། ལོ་ལྟར་གྱི་དཔྱིད་ཀར་འབྲི་གཡག་གི་ཁུ་ལུ་འཚོལ་བསྡུ་བྱས་པ་ནས་སྐུད་པ་འཁེལ་བའི་བར་དང་ཚོས་གཞི་མི་འདྲ་བར་ཚོས་ནས་རས་ཡུག་གཅིག་འཐག་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་བཀྲ་ཤིས་དཔལ་མོ་དང་ཁོ་མོས་སྣེ་ཁྲིད་པའི་བོད་རིགས་བུད་མེད་འགའ་ཞིག་གིས་ལག་བཟོས་ནས་ལེགས་སྒྲུབ་བྱེད་ཀྱི་ཡོད། ཚང་མས་ལག་རྩལ་དེ་ཤེས་དགོས་ན་ལོ་གསུམ་ནས་བཞི་བར་འགོར་གྱི་ཡོད། ད་ཆ་སྨན་ཤོར་ས་ཆ་ལ་ལག་རྩལ་འདི་ཁོང་དུ་ཆུད་མཁན་མི་བཞི་ལས་མེད། འོན་ཀྱང་དཀའ་ལས་མང་པོ་རྒྱག་པའི་བཟོ་རྩལ་དེ་གདུག་རྩུབ་ཆེན་པོར་བསྡུར་ན། ལག་བཏགས་ཐོན་རྫས་དེ་འཕྲུལ་འཁོར་གྱིས་མགྱོགས་མྱུར་ངང་ཐོན་སྐྱེད་བྱེད་པའི་དེང་རབས་ཀྱི་སྤྱི་ཚོགས་སུ་ཁྲོམ་རའི་ཐོག་གཉེར་སྐྱོང་བྱེད་པར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ལག་ཤེས་བཟོ་རྩལ་ཚན་ཁག་གིས་བཙུགས་པའི་ལས་སྟེགས་ཀྱིས་ཆེད་མངགས་འཁེལ་འཐག་འཛིན་གྲྭས་བཟོས་པའི་ཐོན་རྫས་ཉོ་སྒྲུབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉོ་མཁན་དེ་ཙམ་མང་པོ་མེད། འཁེལ་འཐག་འཛིན་གྲྭ་བཙུགས་ནས་ད་བར་ཐོབ་པའི་ཡོང་འབབ་ནི་དོ་མཉམ་ཙམ་ལས་ཡོང་གི་མེད།
“ཚོང་ཡག་པོ་མེད་པ་དང་། ཡོང་འབབ་མང་པོ་མེད་པ།སྦྱོང་མཁན་ཡང་ཉུང་ཉུང་ཡིན་པ། འཇོན་ཐང་དེ་ཙམ་མེད་པ།ཧ་ཅང་ཁག་པོ་འདུག” དེའི་སྐོར་གླེང་སྐབས་ཐོག་མཐའ་བར་གསུམ་དུ་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་པའི་བཀྲ་ཤིས་དཔལ་མོ་ཡིས་འཁང་ར་ཆེན་པོ་བྱེད་ཀྱི་འདུག། སྟབས་ལེགས་པ་ཞིག་ལ་ཁྱིམ་མིས་ཁོ་མོར་རྒྱབ་སྐྱོར་བྱས་ནས་ཁོ་མོར་སེམས་གསོ་བྱེད། བཀྲ་ཤིས་དཔའ་མོས་ང་ཚོར་རེ་བ་ཆེ་ཤོས་ནི་སྲོལ་རྒྱུན་དེ་རྒྱུན་འཛིན་བྱས་ནས་རང་ཉིད་དང་གཅེན་གཅུང་ཚོར་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན་ཞེས་བཤད། འགྲོ་ཁར་ང་ཚོས་བཀྲ་ཤིས་དཔལ་མོ་དང་ཁོ་མོའི་སློབ་མ་ཚོར་མཉམ་པར་ཞིག་བླངས་པ་ཡིན། ངོ་ཚ་པོ་ཡོད་ཀྱང་པར་ཆས་ནང་གི་མི་ཚང་མ་དགད་མོ་ཤོར་གྱི་འདུག། དཀའ་ཚེགས་ཆེ་བའི་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་དང་རྒྱུན་འཁྱོངས་ནི་མི་སེམས་འགུལ་བའི་བྱ་བ་ཞིག་རེད།
སྐྱབས་བློ་ཉི་མས་ལྷ་སྐུ་བཟོ་སྐྲུན་བྱེད་བཞིན་པ།
ཁ། མགར་ལུགས་ཀྱི་ལག་རྩལ་དར་སྤེལ་གཏོང་མཁན་སྐྱབས་བློ་ཉི་མ།
ང་ཚོས་ལ་མ་ཡུལ་ཤོག་ཏུ་སྐྱབས་བློ་ཉི་མ་རྙེད་པ་ཡིན། སྐྱབས་བློ་ཉི་མ་ཚང་གི་ཁྱིམ་ནི་སྨན་ཤོར་ས་གནས་ཀྱི་ཟངས་མགར་འཛིན་གྲྭ་དང་འཇིམ་བཟོའི་འཛིན་གྲྭ་ཡང་ཡིན་པ་རེད། ལོ20ལྷག་ཙམ་གོང་སྐྱབས་བློ་ཉི་མ་ནི་སྨན་ཤོར་ས་གནས་ཀྱི་ཟངས་མགར་ལག་རྩལ་གྱི་དགེ་རྒན་གཅིག་པུ་ཡིན་པ་དང་། 2002ལོར་བཟོ་རྩལ་མཁས་པས་སྐྱབས་བློ་ཉི་མར་མཛུབ་ཁྲིད་བྱེད་དུ་བཅུག་ནས་ཁོའི་ཁྱིམ་དུ་བཙུགས། ད་ཆ་སྐྱབས་བློ་ཉི་མས་ལག་རྩལ་དང་ལས་སྒོ་ཚང་མ་ལོ25ལ་སླེབས་པའི་བུ་ཟླ་བ་གྲགས་པ་ལ་སྤྲད་ཡོད།
ཟླ་བ་གྲགས་པ་ལོ་ན་གཞོན་པ་དང་བབ་བརླིང་བརྟན་གསུམ། གསོན་ཤུགས་ལྡན་པ་བཅས་ཀྱི་ཉམས་དང་བཅས་ཏེ་སྦྱིན་བདག་ཆུང་ཆུང་ཞིག་གི་ཉམས་དང་བཅས་ཏེ་རྒྱ་སྐད་ཐོགས་པ་མེད་པའི་སྒོ་ནས་ང་ཚོར་ཟངས་མགར་ལུགས་ཀྱི་ལག་རྩལ་ངོ་སྤྲོད་བྱས་པར་མ་ཟད། ང་ཚོ་དང་ཁོའི་ཨ་ཕའི་དབར་གྱི་སྐད་སྒྱུར་ཡང་བྱས། ང་ཚོས་ཟླ་བ་གྲགས་པ་འོད་ཟེར་དང་ས་ཁུལ་གཞན་དག་དབར་གྱི་ཧེ་བག་ཆེ་ཤོས་དེ་གང་དུ་ཡོད་དམ་ཞེས་དྲིས་པར་ཁོས་སྤོབས་པ་ཆེན་པོའི་སྒོ་ནས་ང་ཚོའི་གསེར་རྩིའི་ཟངས་ཀྱི་ལག་རྩལ་དེ་ཁེར་རྐྱང་གི་ལག་རྩལ་ཞིག་ཡིན་ལ། ནང་ལོགས་ས་ཁུལ་གྱི་བར་ཐོངས་ལ་ཉེ་བའི་གནའ་བོའི་བཅའ་ཁྲིམས་ཀྱི་བཟོ་རྩལ་ཞིག་ཀྱང་ཡིན་ཞེས་ལན་བཏབ། གཏམ་རྒྱུད་ཐོག་ནས་ར་སྤྲོད་བྱས་པ་ལྟར་ན།ལོ་ཉི་ཤུ་ལྷག་གི་སྔོན་ལ།ཨ་ཕ་གཅིག་པུས་ལག་རྩལ་འདི་ཤེས་པས།སྐུ་འདྲ་ཡི་ཐོན་ཚད་ཧ་ཅང་ཆུང་། རྒྱུན་དུ་རྒྱ་གར་དུ་གནའ་རྫས་དང་སྐུ་འདྲ་མ་འཇོག་བྱེད་མཁན་སྨན་ཤོར་གྱི་མི་ཞིག་ཕ་ཡུལ་དུ་ལོག་སྐབས་རང་ཉིད་ཀྱིས་བསྡུས་པའི་གནའ་རྫས་དེ་སྐྱབས་བློ་ཉི་མའི་ལག་ནས་ཐོན་པ་ཤེས། མ་གཞི་བཟོ་རྩལ་གྱི་དབང་གིས་སྐྱབས་བློ་ཉི་མས་བཟོས་པའི་སྐུ་བརྙན་དེ་མི་མང་པོ་ཞིག་གིས“གནའ་རྫས”སུ་བརྫུས་ནས་རྒྱ་གར་དུ་བསྐྱོད།
ད་ཆ་ཟླ་བ་གྲགས་པ་ཡང་ཟངས་མགར་ལུགས་ཀྱི་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་།སྲོལ་རྒྱུན་གྱི་ལག་རྩལ་སྦྱོང་བ་ཕུད་ད་དུང་རང་ཉིད་ཀྱི་གསར་གཏོད་སྤུས་རྟགས་ཀྱང་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད། “ངས་ལག་རྩལ་དེ་སྤུས་རྟགས་ཤིག་ཏུ་འགྱུར་འདོད་ཡོད།དེ་ནས་ཕྱིར་ཚོང་བྱེད་པ་ཡིན།ཧ་ཅང་ཁག་པོ་འདུག འོན་ཀྱང་ངས་བསྒྲུབ་རྒྱུ་ཡིན”ཞེས་བཤད། ང་ཚོ་དང་འདྲིས་རྗེས།ཟླ་བ་གྲགས་པ་ཅུང་འཚེར་སྣང་ཆེ་བའི་སྒོ་ནས་པར་རྒྱག་མཁས་ཅན་གྱི་པར་ཆས་ལ་མཛུབ་མོ་བཙུགས་ཏེ་ང་ཚོར་པར་རྒྱག་རྒྱུ་ནི་ཁོའི་དགའ་ཕྱོགས་ཆེན་པོ་ཞིག་རེད།“ད་ལྟ་ངས་སྦྱོང་བཞིན་ཡོད།འོན་ཀྱང་པར་རྒྱག་རྒྱུའི་ལག་རྩལ་དེ་ཙམ་ཡག་པོ་མེད”ཅེས་བཤད། འོན་ཀྱང་དོན་དངོས་ཐོག་ཁོས་པར་ཡག་པོ་བླངས་འདུག།ཐེངས་ཤིག་ལ་ངས་པེ་ཅིང་ས་འོག་ལྕགས་ལམ་གྱི་མི་ཚོགས་ཁྲོད་ནས་ལོ་གསར་གྱི་སྲོལ་རྒྱུན་གྱི་སྒྲོན་སྒམ་ཞིག་མཐོང་བྱུང་།དེའི་མིང་ལ“པར་རྒྱག་སྟེ་ཟླ་བ་གྲགས་པ་”ཞེས་བཏགས་པས་དངོས་གནས་དགའ་པོ་བྱུང་།
ཟླ་བ་གྲགས་པ་ལགས་ཀྱི་དགའ་ཞེན་དེ་ཁོའི་གཅེན་མོ་ཟླ་བ་སྒྲོལ་མ་དང་འབྲེལ་བ་ཡོད་སྲིད། ཟླ་བ་སྒྲོལ་མ་ནང་ལོགས་ས་ཁུལ་གྱི་སློབ་གྲྭ་ཆེན་པོ་ནས་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་དུ་མུ་མཐུད་སློབ་སྦྱོང་དང་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པར་བསྐྱོད་ནས་གུང་གསེང་ཞིག་ལ་ཕ་ཡུལ་དུ་ལོག་པ་དང་།ཁོས་པར་ཆས་འཁྱེར་ནས་ཨ་ཕས་སྐུ་བརྙན་བཟོ་བའི་གཏམ་རྒྱུད་བླངས་པར་མ་ཟད།ལེགས་སྒྲུབ་བྱས་པའི་དངོས་མཚོན་པར་གཞི《སྨན་ཤོར་འཇིམ་བཟོ》ཞེས་པར་རྒྱལ་སྤྱིའི་ལག་ཤེས་བཟོ་རྩལ་དངོས་མཚོན་གློག་བརྙན་འགྲན་བསྡུར་ཆེན་མོའི་ནང་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
དེ་ནི་མཐོང་རྒྱ་ཆེ་བའི་ཁྱིམ་ཚང་ཞིག་ཡིན་པས་སྲོལ་རྒྱུན་གྱི་ལག་ཤེས་དེ་ངེས་པར་དུ་ཁོ་ཚོའི་དབང་གིས་སྔར་བས་ལེགས་སུ་འགྲོ་ངེས་རེད། །
རྩོམ་གསར། 10