བཟའ་ཚང་གཉིས་པོའི་སྤྲོ་སྐྱིད་འཚོ་བ།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-05-09

བཟའ་ཚང་གཉིས་པོའི་སྤྲོ་སྐྱིད་འཚོ་བ།

རྒན་རྒོན་གཉིས་ཀྱིས་ཁང་སྟེང་དུ་སྐར་ལྔའི་དར་དམར་འཛུགས་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས27ཉིན་གྱི་ཞོགས་པར་རོང་བྲག་རྫོང་བརྒྱ་གྱུར་གྲོང་རྡལ་བརྒྱ་གྱུར་གྲོང་སྡེ་གཉིས་པའིUདབྱིབས་ཁང་ཆུང་ཞིག་གི་མདུན་དུ་ལིའུ་ཧྥུ་དང་ཁྲེན་ཧྲུའུ་ཀྲེན་གཉིས་ཀྱིས་མེ་ཏོག་རྨོ་བ་དང་རྩྭ་ངན་སེལ་བའི་ལས་ལ་བྲེལ་བཞིན་འདུག།

ལོ་ན67ལ་སོན་པའི་ལིའུ་ཕུའུ་དང་ཁྲེན་ཧྲུའུ་ཀྲེན་གཉིས་ནི་ལེའོ་ཉིང་ཞིང་ཆེན་ཕུའུ་ཧྲུན་གྲོང་ཁྱེར་གྱི་མི་ཡིན་ཞིང་། ད་ལོའི་སྤྱི་ཟླ3པའི་ཚེས27ཉིན་རོང་བྲག་ཏུ་དངོས་སུ་འཚོ་སྡོད་བྱས།

ཁོ་གཉིས་ལོ་ན་གཞོན་པའི་དུས་སུ་བཟོ་པ་བྱས་ནས་དཔེ་ལྟ་སར་གྱུར་པ་དང་ལོ་ན་དར་ལ་འབབ་དུས་ལས་གཏོད་བྱས་ནས་ཡོང་འབབ་བཙལ། ལས་འཁྱུར་ངལ་སོལ་བྱས་རྗེས་ཚ་མོ་ཁྲིད་ནས་རང་བྱུང་ཁམས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་མྱོང་། ད་ཆ་ཚ་མོ་སློབ་ཆེན་འགྲིམ་བཞིན་ཡོད་པས་རྒན་རྒོན་གཉིས་ལ་ཁོམ་ལོང་ཡོད་པས་བདེ་སྐྱིད་ལྡན་པའི་ཞིང་སྡེའི་ཀྱི་འཚོ་བ་ཞིག་སྐྱེལ་འདོད་ཡོད།

ལོ་ན42ལ་སོན་པའི་ཁོ་གཉིས་ཀྱི་བུ་ལིའུ་ཏུང་ཡེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡུལ་མི་སྣེ་ལེན་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད། ལིའུ་ཏུང་ཡེས་ཕ་མས་རང་ཉིད་ལ་གསོ་སྐྱོང་བྱས་པའི་བཀའ་དྲིན་དང་ཚ་མོ་ཚོར་ལྟ་རྟོག་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཕ་མའི་བསམ་འདུན་མངོན་འགྱུར་བྱ་ཆེད། ཀྲུང་གོའི་ས་ཆ་མང་པོར་སོང་ནས་མཐར་རོང་བྲག་རྫོང་བརྒྱ་གྱུར་གྲོང་རྡལ་བརྒྱ་གྱུར་གྲོང་སྡེ་གཉིས་པ་བདམས་ནས་དེར་འཚོ་སྡོད་བྱ་རྒྱུའི་གཏན་འཁེལ་བྱས།

སྡོད་གནས་གཏན་འཁེལ་བྱས་རྗེས། ལིའུ་ཏུང་ཡེས་ས་གནས་དེ་གར་སྨི་གྲུ་བཞི་མ70ཙམ་ཡོད་པའི་ཁང་པ་ཞིག་གླ་ནས་ལོ་གཅིག་ལ་སྒོར5000དང་།གླ་ཡུན་ལོ15ཡི་གན་རྒྱ་བཞག། དེ་རྗེས་སྒྱུར་བཀོད་བྱས་མཐར་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་དྲོད་མོ་ཞིག་ཏུ་གྱུར། ཉེ་འགྲམ་གྱི་ཡུལ་མི་རྣམས་ལྟ་སྐོར་ཡོང་ནས་མཐེ་བོང་བསྒྲེངས་ཏེ་ཁང་པ་འདི་ཡག་པོ་འདུག་ཅེས་བཤད།

སྤྱི་ཟླ3པའི་ཚེས27ཉིན་ལིའུ་ཕུའུ་བཟའ་ཚང་གཉིས་སྡོད་ཁང་གསར་པའི་ནང་སྤོས་མ་ཐག་ནས་སྐར་ལྔའི་དར་དམར་གཉིས་ཁང་སྟེང་དུ་བསྒྲེངས། ཁྲེན་ཧྲུའུ་ཀྲེན་གྱིས་གསར་འགོད་པར་བཟའ་ཚང་གཉིས་ལ་ལས་འཁྱུར་ངལ་གསོ་བྱས་རྗེས་གླ་ཕོགས་སྒོར7000ལྷག་ཡོད་པས་འཚོ་བའི་འགྲོ་སོང་འདང་ངེས་འདུག། ང་ཚོ་ནི་ཀྲུང་གོ་གསར་པ་དང་དར་དམར་འོག་ནས་འཚར་ལོངས་བྱུང་བ་ཡིན་ཞིང་། ང་ཚོས་དུས་ནམ་ཡང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། རླབས་ཆེན་གྱི་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོས་བྱང་ཤར་ནས་རོང་བྲག་ཏུ་ཡོང་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་སོང་ཞེས་བཤད།

ཁྲེན་ཧྲུའུ་ཀྲེན་གྱིས་ང་ཚོ་ཕ་ཡུལ་ཧྥུའུ་ཧྲུན་ལ་ཧ་ཅང་དགའ་པོ་ཡོད།འོན་ཀྱང་དོན་དངོས་དང་མཐུན་པའི་སྒོ་ནས་བརྗོད་ན།ཧྥུའུ་ཧྲུན་གྱི་དྲོད་ཚད་དམའ་བོ་ཡིན་པ་དང་དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་སུམ་ཅུ་བཞི་བཅུ་ཙམ་ཡོད་པས་འཚོ་བའི་ཆ་རྐྱེན་དེ་རྒན་རྒོན་སྡོད་རྒྱུར་དེ་ཙམ་འཚམ་པོ་མི་འདུག། རོང་བྲག་གི་མཁའ་རླུང་བཟང་ལ་ཉི་འོད་ལེགས་པ།གནམ་གཤིས་དྲོ་ལ་ཆུ་སྤུས་ལེགས་པས་ང་ཚོས་དེ་ཕ་ཡུལ་གཉིས་པར་བརྩི་གི་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས2022ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དུས་ཚིགས་དང་པོར་སྐུལ་འདེད་ག
  • ལེ་ཚན་རྗེས་མ།:མཛེས་པའི་གྲོང་སྡེའི་དཔལ་འབྱོར་འཕེལ་རྒྱས།
  • དོ་སྣང་ཆེ་བའི་རྩོམ།