རང་ཁུལ་གྱིས2022ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དུས་ཚིགས་དང་པོར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-09

ཉེ་ཆར། རང་ཁུལ་གྱིས2022ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དུས་ཚིགས་དང་པོའི་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཚོགས་འདུ་དར་མདོར་འཚོགས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཞིང་སྡེ་ལས་ཀ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བཏང་བ་དང་།2021ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ། དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་འབྲེལ་ཡོད་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཕྱིན་ཆད་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུའི་གཙོ་འགན་བཞེས་པར་མ་ཟད་གསུང་བཤད་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡོན་ཀང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཆིང་ཧྭས་ཚོགས་འདུར་ཞུགས་པ་རེད།

ཚོགས་ཐོག་ལས་ཀ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་མི་འདང་ས་དང་ཞན་ཆ་སེལ་བ་བྱ་དགོས། དུས་འགོའི་མངོན་གསལ་དོད་པོའི་གནད་དོན་དང་ཞན་ཆ་གཞིར་བཟུང་ནས་མིག་སྔའི་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གཙོ་གནད་ཐོག་ཤུགས་བརྒྱབ་སྟེ། འཐུང་ཆུ་ཉེན་མེད་སྒྱུར་བཀོད་རིམ་སྤོར་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ནས་འགན་ལེན་གསུམ་དང་འཐུང་ཆུ་ཉེན་མེད་ཀྱི་བླང་བྱ་གསར་པ་གཞིར་བཟུང་ནས་ཁུལ་ཡོངས་ཀྱི་འཐུང་ཆུ་ཉེན་མེད་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་མགྱོགས་མྱུར་བཟོས་ནས་མང་ཚོགས་ཀྱི་འཐུང་ཆུའི་སྤུས་ཚད་ལོན་ཚད་མཐོ་རུ་གཏང་དགོས། གཞི་ཁྱོན་ཅན་དང་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ཐད་དང་མཐོ་ཚད་ཐོག་ནས་ལས་དོན་སྤེལ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ཐད་ཀྱི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་ཁྲོད་ཀྱི་སློབ་གསོའི་འཐབ་ཇུས་རང་བཞིན་གྱི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། གསང་སྤྱོད་ཁང་སྒྱུར་བཀོད་ལས་ཀར་མཐོང་ཆེན་ཚད་མཐོན་པོ་བྱས་ནས་རང་ངོས་ཀྱི་ནོར་ཤུགས་གཅིག་སྡུད་ཀྱིས་གྲོང་སྡེ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱ་དགོས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་མེད་པ་དང་ཡོང་འབབ་དམའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ད་ལོར་ཡོང་འབབ་མེད་པའི་གྲོང་སྡེ་མེད་པ་བཟོ་རྒྱུར་བརྩོན་ལེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་ཞིང་ནང་ལྟ་སྐུལ་བྱས་ནས་དཔྱིད་རྨོས་ཐོན་སྐྱེད་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:བཟའ་ཚང་གཉིས་པོའི་སྤྲོ་སྐྱིད་འཚོ་བ།
  • དོ་སྣང་ཆེ་བའི་རྩོམ།