གྲོང་སྡེའི་བཅའ་སྡོད་རུ་མིས་སྔོ་ཚལ་བཙོངས་པའི་ཟིན་ཐོ།

ཀུན་དགས་བསྒྱུར།        2022-05-16

གྲོང་སྡེའི་བཅའ་སྡོད་རུ་མིས་སྔོ་ཚལ་བཙོངས་པའི་ཟིན་ཐོ།

རུ་མིས་ཤ་མོ་གསོ་སྤེལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

གྲོང་སྡེར་བཅའ་སྡོད་བྱས་པའི་རོགས་སྐྱོར་ལས་དོན་ཁྲོད་ཨ་འབྲུ་ལྔའི་ཉིང་ཁུ་ཚོགས་པའི་སྤྱི་གཉེར་ཁང་གིས་དམིགས་འཛུགས་གཏན་འཁེལ་བྱས་པའི་རོགས་སྐྱོར་ལས་དོན་རུ་མི་ཏའེ་ཡུང་དང་པ་སངས་ཚེ་རིང་གཉིས་གྲོང་སྡེ་དང་དུད་ཚང་སོ་སོར་བསྐྱོད་དེ་བརྟག་ཞིབ་བྱས་ནས་མང་ཚོགས་ལ་ཐོན་སྐྱེད་དང་།འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་པས་ལི་ཐང་མང་ཚོགས་ཀྱིས་ས་གནས་དེ་གའི་སྤུས་ཀ་ཡག་པོའི་སྔོ་ཚལ་སོས་པ་བཟའ་རྒྱུ་རག་པ་རེད།

སྔོ་ཚལ་རྟེན་གཞིའི་པད་ཚལ་ཁྲོམ་རའི་ཐོག་འགྲེམས་པར་ད་དུང་ཉིན་ཁ་ཤས་ཡོད་མོད།འོན་ཀྱང་ཨ་འབྲུ་ལྔའི་ཉིང་ཁུ་ཚོགས་པའི་སྤྱི་གཉེར་ཁང་གིས་དམིགས་འཛུགས་གཏན་འཁེལ་རོགས་སྐྱོར་ལས་དོན་རུ་མི་ཏའེ་ཡུང་དང་པ་སངས་ཚེ་རིང་གཉིས་ལི་ཐང་རྫོང་ཞིང་ཞོར་ཐོན་རྫས་ཁྲོམ་རར་གྲོས་དྲིས་བྱེད་དུ་བསྐྱོད་ནས། སྦྱིན་བདག་ལགས། ཚོད་དཀར་ཆུང་བ་འདིའི་རིན་གོང་དང་གླང་རྔའི་རིན་གོང་ཅི་འདྲ་རེད། ཁྱོད་ཚོས་ནམ་རྒྱུན་འཚོང་བཞིན་པའི་སྔོ་ཚོད་གང་ནས་འདྲེན་འོང་བ་རེད་ཅེས་ཞིང་ཞོར་ཐོན་རྫས་ཀྱི་ཁྲོམ་རའི་འཛད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས།

2021ལོའི་སྤྱི་ཟླ7པར་ཏའེ་ཡུང་དང་པ་སངས་ཚེ་རིང་གཉིས་རེས་མོས་བྱས་ནས་མཚོ་འཕགས་སྨི3600ལྷག་ཡོད་པའི་ལི་ཐང་རྫོང་མོ་ལ་གྲོང་རྡལ་གནས་གསར་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་བྱེད་པར་མངགས། ཁོ་གཉིས་ཀྱིས་ཤ་མོ་རྟེན་གཞིའི་ཐོན་ལས་བརྟན་གཏོང་དང་རྒྱ་བསྐྱེད་ཀྱི་ལས་འགན་འཁུར་བཞིན་ཡོད། རེས་མོས་དོན་འཁྱོལ་བྱུང་མ་ཐག་ཤ་མོ་རྟེན་གཞིའི་ཤ་མོ་སྐམ་པོ་རྒྱ་མ་ཁྲི10ཙམ་དང་།མོག་རོ་སྐམ་པོ་རྒྱ་མ་ཁྲི5ཙམ།གནས་གསར་གྲོང་སྡེའི་ཞོག་ཁོག་རྒྱ་མ་ཁྲི20 ཤིང་འབྲས་སོགས་རྒྱ་མ་ཁྲི10མངར་རྐུབ་རྒྱ་མ་ཁྲི5བཅས་བཙོང་རྒྱུ་དེ་ཁོ་གཉིས་ལ་མཚོན་ན་གྲོང་སྡེར་བཅའ་སྡོད་བྱས་པའི་ཐོག་མའི་དཀའ་ཁག་ཞིག་དང་རྒྱུགས་བྱང་ལྟ་བུ་ཞིག་ཅི་ལ་མིན།

འདི་འདྲའི་མཐོ་སྒང་གི་སྤུས་བཟང་ཞིང་ཞོར་ཐོན་རྫས་ཚོང་མི་བྲིན་པ་ཅི་ཡིན་ནམ། སྐབས་ཤིག་རིང་། ཁོ་ཚོར་སྔོ་ཚལ་བཙོང་ཐབས་ཐད་བསམ་གཞིག་ཟབ་མོ་ཐེབས་སུ་བཅུག། གྲོང་སྡེའི་བཅའ་སྡོད་ལས་དོན་རུ་མི་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཐུན་མོང་ཐོག་ད་སྔའི་དཀའ་ངལ་ཐག་གཅོད་ཇི་ལྟར་བྱ་རྒྱུའི་ཐད་གྲོས་བསྡུར་ཐེངས་མང་བྱས་མཐར་ཐབས་ལམ་གཉིས་ཀྱི་ཐོག་ནས་ཐག་བཅད་པ་སྟེ།ཕྱོགས་གཅིག་ནས་ཨའབྲུ་ལྔའི་ཉིང་ཁུ་ཚོགས་པར་འཛད་སྤྱོད་རོགས་སྐྱོར་བྱ་རྒྱུའི་སྙན་སེང་ཞུ་རྒྱུ་དང་།ཕྱོགས་གཞན་ཞིག་ནས་ལི་ཐང་གི་སྔོ་ཚལ་ཁྲོམ་རར་འདྲེན་ནས་བཙོང་རྒྱུར་བྱས།

བརྩོན་འགྲུས་ལྡན་ན་མི་འགྲུབ་གང་ཡང་མེད་ཅེས་པར་ལྟར། དཀའ་ལས་གང་མང་ཞིག་བརྒྱབ་མཐར་མིག་སྔའི་དཀའ་ངལ་སེལ་ཐུབ་ཡོད། ཡིན་ནའང་། ཏའེ་ཡུང་དང་པ་སངས་ཚེ་རིང་གཉིས་ཀྱི་སེམས་སུ་དེ་ནི་ཡུན་རིང་གི་བྱེད་ཐབས་ཤིག་མིན་པ་དང་། ཕུགས་ཕན་གྱི་འཕེལ་རྒྱས་ལམ་སྲོལ་ཆགས་མེད་པར་བསམ། དེར་བརྟེན་ཁོ་ཚོས་ཉིན་མཚན་གང་མང་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ཤིང་།ཆར་ཆུ་རླུང་གསུམ་ལ་མ་འཛེམས་པ་གླིང་ཁུལ་དུ་བསྐྱོད་དེ་བཞུགས་མོལ་དང་། ཁྲོམ་རར་བརྟག་ཞིབ།ཆེད་དོན་གྲོས་དྲིས།ཐོན་ལས་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལི་ཐང་རྫོང་དང་དེ་བཞིན་ཚོ་གསུམ་སྡེ་ཁུལ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་།དཔལ་འབྱོར་འཛུགས་སྐྲུན་གྱི་གནས་ཚུལ།ཁྲོམ་རའི་གནས་ཚུལ།ལེགས་ཆའི་ཐོན་ཁུངས་སོགས་ལ་བརྟག་ཞིབ་དང་རྒྱུས་ལོན་གཏིང་ཟབ་བྱས།

བརྟག་ཞིབ་བྱས་མཐར་ཁོ་ཚོས་ལི་ཐང་ཁྲོམ་རར་བྲིན་ཚོང་བྱེད་པའི་སྔོ་ཚལ་གཙོ་བོ་རྣམས་ཁྲེང་ཏུའུ་སོགས་ནས་ནང་འདྲེན་བྱས་པར་ཤེས། སྔོ་ཚལ་མཁོ་འདོན་བྱ་ཡུལ་ནས་ལི་ཐང་རྫོང་གྲོང་དུ་ནང་འདྲེན་བྱས་རྗེས་ཉིན་གསུམ་ཙམ་འགོར་གྱི་ཡོད། འདི་ལྟར་རིན་གོང་མཐོ་བ་དང་སྔོ་ཚལ་སོས་མ་མིན་པ་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་པས་གང་ཅིའི་ཐད་ལ་ཤུགས་རྐྱེན་ཐེབས།

ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་རྗེས་ཁོ་ཚོས་ཡུལ་ཤོག། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་ཤ་ཚལ་སྒོང་གསུམ་གྱི་མཁོ་སྤྲོད་རྟེན་གཞི་བསྐྲུན་ནས་ཐོན་ལས་འབྲེལ་ཐག་འཐུས་ཚང་དུ་གཏང་རྒྱུའི་བསམ་གཞི་བཏོན་པར་མ་ཟད།ཨ་འབྲུ་ལྔའི་ཉིང་ཁུའི་ཤ་མོ་རྟེན་གཞི་ཚུད་པའི་ཐོན་ལས་ལ་ཐོན་ཁུངས་བསྡུ་སྒྲིལ་དང་ཚོགས་པ་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་ཏའེ་ཡུང་གིས་འབད་བརྩོན་བྱས་པ་བརྒྱུད་ལི་ཐང་མང་ཚོགས་ཀྱིས་ལོ་གཅིག་དུས་བཞིར་ས་གནས་དེ་གའི་སྤུས་ཚད་མཐོ་བའི་སྔོ་ཚལ་སོས་པ་ཟ་རྒྱུ་བྱུང་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་ཐོབ་པར་མ་ཟད།རྫོང་གི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་བྱེད་པའི་བརྗོད་གཞི་ཞིག་ཏུ་གྱུར་ནས་གྲོས་གཞིའི་ནང་བཞག་པར་མ་ཟད།རྫོང་གི་གཙོ་གནད་ལས་དོན་ནང་དུའང་བཞག་ཡོད།

མི་རིང་བའི་གོང་ཤ་ཚལ་སྒོང་གསུམ་སྔོ་ཚལ་མཁོ་སྤྲོད་རྟེན་གཞིར་མོ་ལ་གྲོང་རྡལ་གནས་གསར་གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པ་དེའི་ཐོག་ནས་མོ་ལ་འབྲུ་མཛོད་ཀྱིས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ལམ་བུའི་ཐོག་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། གནས་གསར་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཕུན་ཚོགས་དང་ཤ་མོ་རྟེན་གཞིའི་འགན་འཁུར་བ་རྒྱ་མཚོ་གཉིས་ལ་ཡུན་རིང་མ་བྱུང་བའི་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ནས་ཐོན་ལས་ཡག་པོ་གཉེར་བ་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་ཡིད་ཆེས་སླར་ཡང་ཆེ་རུ་ཕྱིན་ཡོད།

ཏའེ་ཡུང་དང་པ་སངས་ཚེ་རིང་གཉིས་ཀྱིས་ཏང་ཡོན་ཞིག་ཡིན་པའི་ངོས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་།མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ།མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་ཐག་གཅོད་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མི་སེར་ལ་བདེ་སྐྱིད་དང་འཕེལ་རྒྱས་དོན་གཉེར་བྱ་དགོས། འབྲུ་ལྔའི་ཉིང་ཁུ་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་ཨ་འབྲུ་ལྔའི་ཉིང་ཁུའི་སྤུས་རྟགས་གཏོད་པ་དང་།ཨ་འབྲུ་ལྔའི་ཉིང་ཁུའི་རིག་གནས་བརྒྱུད་སྤྲོད་བྱ་ནས་བདེན་པ་བདེན་ཐུབ་དང་དཀའ་སྤྱད་འབད་བརྩོན།བློ་བརྟན་འགྱུར་མེད།རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱ་དགོས་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།2022ལོར་དུས་ཐེངས་དང་པོའི་སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞིས་ཚོད་ལྟ་རྒྱ་ཆེར་བྱས་པར་བརྒྱུད།མོ་ལ་གྲོང་རྡལ་གནས་གསར་གྲོང་སྡེ་དང་ཆུ་དཀར་གྲོང་སྡེར་ས་ཞིང་མུའུ462.34དང་བོགས་གཏོང་སྒྲིག་ཆས་དྲོད་ཁང25འཁོར་རྒྱུག་བྱས་པ་དང་ལོ་ལྟར་གྲོང་སྡེར་གཏན་འཇགས་ཀྱི་ཡོང་འབབ་སྒོར་ཁྲི3432རག་གི་ཡོད། འདེབས་འཛུགས་ཀྱི་ས་བོན་གཙོ་བོ་ནི་མཐོ་སྒང་དུ་སྐྱེ་འཕྲོད་སོན་རྒྱུད་ཡིན་ཞིང་།དཔེར་ན།ལོང་གོའི་པད་ཚལ་དང་།གླང་རྔ། པད་ཚལ། ཙོང་སོགས་ཡིན།

ཏའེ་ཡུང་གིས་ཁག་དང་པོའི་དྲོད་ཁང་གསུམ་གྱི་པད་ཚལ་མུའུ་གསུམ་དེ་ད་དུང་ཉིན་ཁ་ཤས་ཀྱི་ཁྲོམ་རར་འདོན་ཐུབ་ཀྱི་ཡོད།ཐོན་ཚད་རྒྱ་མ་ཁྲི1ལ་ཟིན་རྒྱུ་དང་སྡེབ་ཚོང་རིན་གོང་ཧ་ལམ་སྒོར2.2ལ་ཟིན་རྒྱུ་རེད། ལི་ཐང་རྫོང་གི་ཤ་ཚལ་སྒོང་གསུམ་མཁོ་སྤྲོད་རྟེན་གཞིའི་ཚོད་ལྟའི་ལས་གཞི་ལག་ལེན་བསྟར་ནས་ས་གནས་དེ་གའི་ཡུན་རིང་གླ་པ་མི་ཐེངས9དང་གནས་སྐབས་ལས་མི་མི་ཐེངས600ལྷག་ཙམ་བཀོད་སྒྲིག་བྱས་ཡོད་ཅེས་བཤད་པ་རེད། །

  • ལེ་ཚན་སྔོན་མ།:རང་ཁུལ་གྱི2022ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་ བབ་ལ་གྲུབ་འབྲས་ཡག་པོ་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།