རང་ཁུལ་གྱི2022ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་ བབ་ལ་གྲུབ་འབྲས་ཡག་པོ་ཐོབ།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-16

ཉེ་ཆར། ཁུལ་བསྡོམས་རྩིས་ཅུས་ཀྱིས2022ལོའི་དུས་ཚིགས་དང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དུས་བབ་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཤིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2022ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར95.12ལ་ཟིན་པས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆ6.9འཕར་བ། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་ཐང་སྒོར་དུང་ཕྱུར3.65ལ་ཟིན་ནས་བརྒྱ་ཆ3.8འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་ཐང་སྒོར་དུང་ཕྱུར27.18ལ་ཟིན་ནས་བརྒྱ་ཆ8.8འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་ཐང་སྒོར་དུང་ཕྱུར64.29ལ་ཟིན་ནས་བརྒྱ་ཆ6.4འཕར་བ་རེད།

ཞིང་ལས་ཐོན་སྐྱེད་བརྟན་པོ་སྲུང་འཛིན་བྱས་ནས་ཞིང་རྨོད་ལོ་ཏོག་འདེབས་ཁྱོན་ཆུང་ཙམ་འཕར་ཡོད་པ་དང་། བཟོ་ལས་ཐོན་སྐྱེད་ཀྱི་འགོ་ཡག་པོ་བཙུགས་ཡོད་ཅིང་། རང་ཁུལ་གྱི་གསར་དུ་འཕར་བའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་དང་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་གྱི་ཐོན་རྫས་རིན་ཐང་ཁག་གཉིས་སུ་བགོས་ནས་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་འཕར་སྣོན་བྱུང་ཡོད་པ་རེད། མ་དངུལ་འཇོག་ཚད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དྭངས་གཙང་ནུས་རྒྱུ་དང་འགྲིམ་འགྲུལ་ལས་གྲྭའི་འདེགས་སྐྱོར་ནུས་ལྡན་འོག་རང་ཁུལ་གྱི་མ་དངུལ་འཇོག་རྒྱུ་འཕར་ཚད་རྒྱུན་འཁྱོངས་མྱུར་པོ་བྱུང་ཡོད། འཛད་སྤྱོད་ཚོང་ར་ཅུང་འཕར་བ་དང་ནོར་སྲིད་ཡོང་འབབ་མགྱོགས་མྱུར་འཕར་ནས་ཁྲལ་བསྡུའི་ཡོང་འབབ་ཆག་པ་ནས་འཕར་སྣོན་དངོས་གཞིར་བསྒྱུར་བ། དངུལ་རྩའི་ལས་རིགས་འཁོར་སྐྱོད་བརྟནཔོ་བྱུང་བ། བཅོལ་དངུལ་དང་བུན་དངུལ་ལྷག་གྲངས་འཕར་སྣོན་བརྟན་པོ་བྱུང་བ་རེད། ཁྱོན་ཡོངས་ནས་བལྟས་ན། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་དཔལ་འབྱོར་འགོ་ཡག་པོ་བཙུགས་པ་རེད།།

  • ལེ་ཚན་སྔོན་མ།:བླང་བྱ་ནན་པོ་བཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཟའ་བཅའི་ཉེན་མེད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།
  • ལེ་ཚན་རྗེས་མ།:གྲོང་སྡེའི་བཅའ་སྡོད་རུ་མིས་སྔོ་ཚལ་བཙོངས་པའི་ཟིན་ཐོ།
  • དོ་སྣང་ཆེ་བའི་རྩོམ།