བཙན་པོའི་དུས་ཀྱི་རིམ་མཐོའི་གནའ་ཤུལ་ཞིག་རྙེད་འདུག།

        2022-05-10

བཙན་པོའི་དུས་ཀྱི་རིམ་མཐོའི་གནའ་ཤུལ་ཞིག་རྙེད་འདུག།

ཉེ་ཆར་བོད་རང་སྐྱོང་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ནང་། འོན་ཅང་རྡོའི་གནའ་ཤུལ་ནས་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་ཡོད།

2021ལོའི་སྤྱི་ཟླ7པར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལྷ་ས་སྐྱིད་ཆུའི་འགྲམ་གྱི་འོན་ཅང་རྡོ་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ནས་བོད་བཙན་པོའི་དུས་སུ་ཐང་རྒྱལ་རབས་ཀྱི་ཁྱད་ཆོས་ལྡན་པའི་རྡོ་རིང་གི་རུས་སྦལ་དང་། ཡི་གེ་མེད་པའི་རྡོ་རིང་། གཡུ་རྩིའི་སོ་ཕག་སོགས་ཨར་སྐྲུན་རྒྱུ་ཆ་རྙེད་པ་དང་། མཆོད་རྟེན་གྱི་ཤུལ་སོགས་ཨར་སྐྲུན་གྱི་རྗེས་ཤུལ་གལ་ཆེན་སྔོག་འདོན་བྱས་པ་དང་གནའ་ཤུལ་དེ་དག་ད་བར་ཧ་ལམ་ལོ་ངོ1300ལྷག་ཡོད་པ་རེད། འདི་ནི་ད་བར་གནའ་རྫས་རྟོག་ཞིབ་ལས་སྒྲུབ་པས་བོད་ལྗོངས་སུ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཙན་པོའི་དུས་ཀྱི་རིམ་མཐོའི་ཨར་སྐྲུན་རྗེས་ཤུལ་སྔོག་འདོན་བྱེད་ཐེངས་དང་པོ་རེད།


  • ལེ་ཚན་སྔོན་མ།:སྐབས26པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས” ཀྱི་དཔྱད་འདེམས་ཡོངས་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།