ཞི་ཅིན་ཕིང་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་ཐུགས་དགོངས་འདི་འདྲ་ཡོད།

ཨོ་རྒྱན་གྱིས་བསྒྱུར།        2022-05-19

   ཞི་ཅིན་ཕིང་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་ཐུགས་དགོངས་འདི་འདྲ་ཡོད།

   2021ལོའི་ཟླ3པའི་ཚེས24ཉིན་གྱི་ཕྱི་དྲོར་ཧྥུའུ་ཀྲོའུ་རུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉུལ་ས་གསུམ་དང་སྲང་ལམ་བདུན་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཕེབས། གནའ་གྲོང་དུ་དགའ་སྤྲོའི་རྣམ་པས་ཁེངས།“སྲོལ་རྒྱུན་གྱི་ཁྲོམ་གཞུང་དང་། གནའ་བོའི་བཟོ་བསྐྲུན། རིག་དངོས་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་ཉར་ཚགས་བྱས་པ་ཞིག་རེད། གནའ་བོའི་བཟོ་བསྐྲུན་དང་། སྡོད་ཁང་རྙིང་པ། ཁྲོམ་གཞུང་རྙིང་པ་བཅས་ལ་གཅེས་སྤྲས་ཀྱི་བསམ་པ་དང་གུས་བཀུར་གྱི་བསམ་པ་ཡོད་དགོས”ཞེས་པའི་ལྷག་བསམ་ཟོལ་མེད་ཀྱི་གསུང་བཤད་འདིས་ཉན་མཁན་ལ་སེམས་འགུལ་ཐེབས་སུ་བཅུག། 

ཞི་ཅིན་ཕིང་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་ཐུགས་དགོངས་འདི་འདྲ་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གནའ་བོའི་སྲང་ལམ་འདིའི་བར་ལོ་སུམ་ཅུའི་རིང་གི་ལྟ་སྐྱོང་གི་བརྩེ་སེམས་ལྡན་ཡོད། 

ཧྥུའུ་ཀྲོའུ་ཉུལ་ས་གསུམ་དང་སྲང་ལམ་བདུན་ལ“ལི་ཧྥང་ལམ་ལུགས་ཀྱི་འགྱུར་རྡོ་གསོན་པོ”ཞེས་འབོད་ཅིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་འཕོ་འགྱུར་གྱི་དཔང་པོ་བྱས། དུས་རབས་གོང་མའི་ལོ་རབས80པར་གྲོང་ཁྱེར་གསར་སྤེལ་གྱི་ཚ་རླབས་འོག་དེ་གར་སྐབས་ཤིག་རིང་ཉེན་ཁར་འཕྲད། 

     སྲང་ལམ་བྱང་མཚམས་སུ་ལིན་ཅུའེ་རྨིན་གྱི་བཞུགས་གནས་ལྷིང་འཇགས་སུ་གནས་ཡོད་ཅིང་། སྒོའི་མདུན་གྱི་རིག་དངོས་སྲུང་སྐྱོང་གི་རྡོ་རིང་ངོས་སུ“བཤིག”ཅེས་པའི་ཡི་གེ་ཆེན་པོ་ཞིག་བྲིས་འདུག། 

    འགག་རྩའི་དུས་སུ་རིག་དངོས་ལས་དོན་གྱི་ཡུལ་དངོས་གཞུང་དོན་ཚོགས་འདུ་ཞིག་ལིན་ཅུའེ་མིང་གི་བཞུགས་གནས་རྙིང་པར་འཚོགས་པ་རེད། སྐབས་དེ་དུས་ཧྥུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག“ང་ཚོའི་ལག་ཏུ་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་དང་། ཉམས་གསོ། བེད་སྤྱོད་བཅས་ཡག་པོ་བྱས་ནས་དེ་དག་ལ་གཏོར་བཤིག་གཏོང་མི་རུང་བར་མ་ཟད། ད་དུང་དེ་བས་བཀྲག་མདངས་བསྣན་ནས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་དགོས”ཞེས་གསུངས་པ་རེད། 

“བཤིག”ནས“བཅོས”བར་གྱི་ཡིག་འབྲུ་གཅིག་གི་འགྱུར་ལྡོག་ཐོག་ནས་གྲོང་ཁྱེར་དོ་དམ་པའི་མིག་རྒྱང་དང་བློ་སྟོབས་མངོན་གྱི་ཡོད། 

      “ཉིན100ལྷག་ཙམ་ནང་དེ་གར་བཟོ་བསྐྲུན་མྱུར་མོ་བྱས་ཤིང་། མི་རིང་བར་ཉུལ་ས་གསུམ་དང་སྲང་ལམ་བདུན་གྱི་ལོ་རྒྱུས་སྐྲུན་དངོས་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཉམས་གསོ་དང་སྲུང་སྐྱོང་བྱས་ཡོད”ལོ་མང་སོང་རྗེས“ཉེན་སྐྱོབ་བྱ་སྤྱོད”ལ་ཕྱིར་དྲན་བྱེད་སྐབས་ཧྥུའུ་ཀྲོའུ་ཡི་རིག་གནས་ལོ་རྒྱུས་ཀྱི་ཆེད་མཁས་པ་ལི་ཧའེ་ཝུའེ་ཡི་ཡིད་ལ་གསལ་ལེར་འཆར་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་དྲིན་རྟོགས་བཞིན་དུ“གལ་ཏེ་ཁོང་གི་སྲུང་སྐྱོང་གི་རྒྱབ་སྐྱོར་མེད་ན་ཉུལ་ས་གསུམ་དང་སྲང་ལམ་བདུན་སྔ་ས་ནས་མེད་པ་རེད”ཅེས་བཤད། 

     རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འབྲེལ་ཡོད་སྲོལ་ཡིག་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རིག་དངོས་ཅུས་དང་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་པ། གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་སྐྲུན་སྐབས་རིག་དངོས་སྡེ་ཚན་ལ་ཐམ་ག་རྒྱག་དགོས་པའི་བླང་བྱ་འདོན་པ་སོགས་ཧྥུའུ་ཀྲོའུ་རུ་ཕྱག་ལས་གནང་བའི་རིང་ལ་ཞི་ཅིན་ཕིང་གིས་ས་གནས་དེ་གར་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་རྨང་གཞི་བཏིང་བ་རེད། 

     “རིག་དངོས་སྲུང་སྐྱོང་བྱེད་པ་ནས་སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བར་རིག་གནས་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དེ་གལ་ཆེ་འདྲ་མཉམ་ལ་བརྩི་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཞག་པའི་བློ་གྲོས་དང་རྒྱུ་ནོར་ཞིག་རེད”ཅེས་བཤད། 

     ལོ་སུམ་ཅུ་ལྷག་ཙམ་འདས་ཟིན་ཞིང་།“སྲུང་སྐྱོང་བྱས་པ”ནས“གསོན་ཤུགས་རྒྱས་པའི”བར་ཉུལ་ས་གསུམ་དང་སྲང་ལམ་བདུན་གྱི་གསོན་ཉམས་དོད་པའི་ཤུལ་བཞག་ལས་གསོན་ཤུགས་གསར་པ་མངོན་ཡོད། 

ཞི་ཅིན་ཕིང་ལ་རིག་དངོས་སྲུང་སྐྱོང་ཐད་ཀྱི་ཐུགས་དགོངས་འདི་འདྲ་ཡོད།

     ཉུལ་ས་གསུམ་དང་སྲང་ལམ་བདུན་པར་སྐྱོད་སྐབས། གྱང་དཀར་པོ་དང་། རྫ་གཡམ་ལྗང་གུ། མདའ་གཡབ་སོགས་མཐོང་ལམ་དུ་མངོན་ཞིང་། ཤོག་བུའི་གདུགས་དང་། ཧྲུའུ་ཧྲན་རྡོ་སོགས་དམངས་ཁྲོད་སྒྱུ་རྩལ་ལས་རིགས་དང་མཉམ་དུ་འཆམ། གནའ་ཁང་གི་རྟེན་རྫས་གཙོ་བོ་བཤམ་སྟོན་ཁང་དང་། ས་གནས་ཀྱི་རོལ་མོ་འཁྲབ་སྟོན་པ་དང་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད། མིང་དང་ཆིང་རྒྱལ་རབས་ཀྱི་སྐྲུན་དངོས་སྣ་ཚོགས་སོགས་ཀྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་བཏོད་དེ་ཉུལ་ས་གསུམ་དང་སྲང་ལམ་བདུན་ལ་སྲུང་སྐྱོང་བྱས་ནས་གསོན་ཤུགས་རྒྱས་བཞིན་ཡོད་པ་རེད།

     “སྒེའུ་ཁུང་ཕྱི་རོལ་གྱི་མེ་ཁ་གསོ་དུས་ཟླ་བའི་གཟུགས་བརྙན་མཐོང་རྒྱུ་མི་འདུག།”ལོ་བདུན་ཅུར་སླེབས་པའི་ཁྲེན་ཡུང་ཅན་ནི་ཧྥུའུ་ཀྲོའུ་ཉུལ་ས་གསུམ་དང་སྲང་ལམ་བདུན་གྱི་དང་བླངས་པའི་འགྲེལ་བཤད་པ་ཞིག་རེད་ཅེས་བཤད། ཁོང་གིས་འགྲེལ་བཤད་ཀྱི་ས་ཚིགས་དང་པོ་དེ་ལིན་ཅུའེ་མིང་གི་བཞུགས་གནས་རྙིང་པར་བཀོད་སྒྲིག་བྱ་རྒྱུར་དགའ་པོ་ཡོད་པ་དང་འགྲེམས་ཁང་གསར་པ་ཞིག་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བར《བཟའ་མོའི་ཡི་གེ》ཞེས་པ་བརྩེ་དུང་ཟབ་མོའི་སྒོ་ནས་གྱེར་འདོན་བྱེད་ཀྱི་ཡོད། 

     “བརྙན་ཕབ་བྱས་ཡོད་པའི་གྱང་ངོས་ཀྱི་བརྙན་ཐུང་དེར་བལྟས་ཚེ། ཡུལ་སྐོར་བར་ཚོར་བ་དངོས་སུ་མྱོང་དུ་བཅུག་པར་མ་ཟད། མི་མང་པོ་ཞིག་གིས་ཐོས་སྐབས་མིག་ལ་མཆི་ཞག་འཁོར་གྱི་ཡོད”ཅེས་བཤད། ཁྲེན་ཡུང་ཅན་གྱིས“ལིན་ཅུའེ་མིང་གི་བཞུགས་གནས་རྙིང་པའི་འགྲེམ་སྟོན་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་དེ་ནི་ཉུལ་ས་གསུམ་དང་སྲང་ལམ་བདུན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རྒྱུན་མཐུད་པ་ཞིག་རེད”ཅེས་བཤད་པ་རེད། 

     ཉམས་གསོ་སྲུང་སྐྱོང་བྱས་ནས་རིག་དངོས་ཀྱི་གནའ་བོའི་བཟོ་སྐྲུན་གྱི་ཚེ་སྲོག་རྒྱུན་མཐུད་བྱས་ནས། རིག་གནས་ཀྱི་སྲོལ་རྒྱུན་དང་མི་རིགས་ཤིག་གི་བླ་སྲོག་གསོ་སྐྱོང་བྱས་པ་རེད། 

     “ཕྱི་རྒྱལ་དུ་སྡོད་མཁན་མང་པོ་ཞིག་ཕྱིར་ལོག་རྗེས་ཆེད་དུ་ཉུལ་ས་གསུམ་དང་སྲང་ལམ་བདུན་དུ་འཆམ་འཆམ་བྱེད་བཞིན་ཡོད་ལ། ”ཆུང་ནས་ཉུལ་ས་གསུམ་དང་སྲང་ལམ་བདུན་ནས་འཚར་ལོངས་བྱུང་བའི་ཁྲེང་ཡུང་ཅན་གྱིས་གནས་འདིར་བརྩེ་བ་ཟབ་མོ་ལྡན། “ ང་ཆུང་དུས་ནས་ལིན་ཙེ་ཞུས་དང་ཧྲེན་པའོ་ཀྲེན་སོགས་སྤྱོད་བཟང་མི་སྣའི་གཏམ་རྒྱུད་ཉན་ནས་ལག་ཆགས་པ་ཡིན།‘རྒྱལ་ཁབ་ལ་ཕན་ན་འཆི་བར་ཕོད། བདེ་སྡུག་ལ་གཡོལ་ན་ཅི་ལ་ཕན།’ ཞེས་པའི་མི་རིགས་ཀྱི་ལ་རྒྱ་དེས་ང་ལ་སྐུལ་ལྕག་ཐེབས་མྱོང་ལ། ད་ཆ་ངས་གནའ་བོའི་སྐྲུན་དངོས་དེའི་ཁྲོད་ལངས་ནས་ཁོང་ཚོའི་གཏམ་རྒྱུད་བཤད་པར་དེ་བས་རང་ལ་ཡིད་ཆེས་དང་གདིང་ཤུགས་ཡོད།”ཅེས་བཤད། 

     ལོ20ཡི་གོང་ཞི་ཅིན་ཕིང་གིས《ཧྥུའུ་ཀྲོའུ་ཡི་གནའ་གྲོང》ཞེས་པའི་དེབ་དེའི་མགོ་བརྗོད་དུ་གསུང་དོན“གནའ་བོའི་སྐྲུན་དངོས་ལ་སྲུང་སྐྱོང་ཡག་པོ་དང་རིག་དངོས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ལོ་རྒྱུས་ཉར་ཚགས་དང་། གྲོང་ཁྱེར་གྱི་རིག་གནས་འབྲེལ་བ་སྲུང་འཛིན། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན། གཟུགས་མེད་ཀྱི་སྲོལ་རྒྱུན་བཟང་པོ་སྲུང་སྐྱོང་ཡག་པོ་བཅས་བྱ་རྒྱུ་དེ་རེད”ཅེས་བྲིས་ཡོད། 

འདས་པའི་ལོ་ཟླ་ནི་བརྩེ་བ་ཟབ་མོ་དང་མཚུངས། 

     ཀོང་ཀྲོའུ་ཡི་ཡུང་ཆིང་ཧྥང་ལ་བཅར་འདྲི་བྱེད་སྐབས། “གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་ལས། འཕྲལ་ཕན་འཕྲལ་གཉེར་སོགས་ཀྱི་གཏོར་བཤིག་མི་གཏོང་རྒྱུ་གལ་ཆེ”ཞེས་ནན་གྱིས་བསྟན་པ་རེད། 

     པེ་ཅིང་གི་སྲང་ལམ་དུ་སྐྱོད་སྐབས“གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ་དང་གཅིག་གྱུར་ཡོང་བ་བྱེད་དགོས”ཞེས་བཏོན་པ་དང་། 

གནའ་གྲོང་གི་མཁར་གྱང་ཐོག་འགྲོ་སྐབས“ལོ་རྒྱུས་ལ་གུས་བཀུར་དང་། རིག་གནས་ལ་གུས་བཀུར། སྣོད་བཅུད་ལ་གུས་བཀུར”བཅས་དགོས་པའི་བླང་བྱ་བསྟན།

…… 

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་དང་རིག་གནས་ལ་བརྩེ་བ་ཟབ་མོ་བཅངས་ནས་གནའ་གྲོང་སྲུང་སྐྱོང་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་མི་རིགས་རིག་གནས་ཀྱི་འབྱུང་རྩ་སྲུང་སྐྱོང་གནང་གི་ཡོད་པ་རེད། “ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མཁན”དང“ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱིས་གསར་གཏོད་དང་རྒྱུན་མཐུད་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན”“གཏིང་ཟབ་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ང་ཚོ་འཛམ་གླིང་རིག་གནས་ཀྱི་ཤུགས་རྐྱེན་ཁྲོད་རྐང་པ་བརྟན་པོ་འཛུགས་ཐུབ་པའི་རྨང་གཞི་ཡིན”ཞེས་གསུངས་པ་རེད། 

     སྲང་ལམ་གཅིག་སྲུང་ཐུབ་པ་ནས་གྲོང་ཁྱེར་ཞིག་ལ་བརྩི་མཐོང་བྱེད་པའི་བར་དང་། དེ་ནས་རྒྱལ་ཁབ་ཅིག་བཅོས་སྐྱོང་བྱེད་པའི་བར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་རིག་གནས་ཀྱི་བརྩེ་སེམས་དེ་ཁྱིམ་གྱི་དོན་དག་དང་རྒྱལ་ཁབ་ཀྱི་དོན་ཆེན་དང་འདྲེས་ཡོད་པས། ལོ་རྒྱུས་ཀྱི་འགན་འཁྲི་དེ་ཁ་སང་དང་སང་ཉིན་གང་སར་ཁྱབ་ཡོད།


  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།
  • ལེ་ཚན་རྗེས་མ།:ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ལམ་ཐིག་གསར་པ་སྤྱི་ལེ་581ཤར་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།