རང་ཁུལ་ནི་ཞིང་ཆེན་ནང་ཁུལ་དུ་གན་རྒྱ་ཐོག་མར་བཞག་པའི་ཁུལ་དང་གྲོང་ཁྱེར་ལ་གྱུར།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-05-18

རང་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་ལས་གཞི་ལ་གན་རྒྱ་དངོས་སུ་བཞག།

ཉེ་ཆར་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གསུམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང《དཀར་མཛེས་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་ལས་གཞིའི་ཞབས་ཞུའི་གན་རྒྱ》ལ་དངོས་སུ་མིང་རྟགས་བཀོད་པ་དང་། རང་ཁུལ་ནི་ཞིང་ཆེན་ནང་ཁུལ་གྱི་གན་རྒྱ་ཐོག་མར་བཞག་པའི་ཁུལ་དང་གྲོང་ཁྱེར་དུ་གྱུར། ལས་གཞི་དེས་ཞིང་ཆེན་རིམ་པའི་སྤུས་ལེགས་ཞབས་ཞུའི་ཐོན་ཁུངས་དེ་རང་ཁུལ་ལ་སྣུར་བསྲིང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཀུན་ཕན་རང་བཞིན་དང་ཆེད་ལས་རང་བཞིན། སྤྱི་ཕན་རང་བཞིན་སོགས་ཀྱི་འབྲེལ་ཡོད་ཞབས་ཞུ་སྤེལ་ཏེ་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ས་ཁོངས་མཉམ་འགུལ་མཉམ་སྐྲུན་དང་མཉམ་སྤྱོད་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་སི་ཁྲོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་གིས་ཁེ་ལས་འབྲིང་ཆུང་སྤྱི་པའི་ཞབས་ཞུའི་དམིགས་བསལ་ས་ཁུལ་དར་འཕེལ་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ་ནས་བཟུང་། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་དུས་འགོའི་ལག་བསྟར་ཇུས་གཞི་བཟོ་བ་དང་ལས་གཞིའི་སྙན་ཞུ། ཆེད་མཁས་པའི་ཞིབ་དཔྱད་བཅས་བྱེད་པ་བརྒྱུད་ནས་ཆེད་དོན་བྱ་སྤྱོད་ཀྱི་མ་དངུལ་ཐོབ་པ་རེད།

“སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཞུགས་པ། ལས་སྟེགས་ཞབས་ཞུ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རང་ཁུལ་གྱི་ཁེ་ལས་འཕེལ་རྒྱས་ཀྱི་དོན་དངོས་དགོས་མཁོར་ཁྱོན་ཡོངས་ནས་ཞིབ་བཤེར་དང་གྲལ་བཤེར་བྱས་རྗེས་ལག་བསྟར་འཆར་གཞི་ཞིབ་ཕྲ་བཟོས་པ་རེད། ཡོངས་བསྒྲགས་སུ་སུས་འཇོན་དེ་འགུག་བྱས་ནས་ཁྲེང་ཏུའུ་གྲོང་ཁྱེར་ཁེ་ལས་འབྲིང་ཆུང་ཞབས་ཞུ་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་བཟའ་བཅའ་བསྙལ་བའི་བཟོ་ལས་ཞིབ་འཇུག་ཇུས་འགོད་གླིང་། སི་ཁྲོན་ཞིང་ཆེན་གློག་རྡུལ་ཚོང་དོན་མཐུན་ཚོགས་བཅས་ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གསུམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྒྲིག་གཞི་དེ་ཐེངས་འདིའི་བྱ་སྤྱོད་ཀྱི་ཆེད་དོན་ཞབས་ཞུའི་ཚོང་ལས་སུ་གཏན་འཁེལ་བྱས་པ་རེད།

གན་རྒྱ་བཞག་པའི་ཉིན་དེར། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་དང་ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གསུམ་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུའི་སྒྲིག་གཞི། ཁེ་ལས་ཁག་གཅིག་གི་འཐུས་མིས་གན་རྒྱ་འཇོག་པའི་མཛད་སྒོའི་རྗེས་སུ་ད་དུང་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལས་སྟེགས་སྒྲིག་གཞི་གསུམ་གྱི་འགན་འཁུར་བས་ཁེ་ལས་ཀྱིས་བཏོན་པའི་གནད་དོན་དང་རེ་ཞུར་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་གྲོས་འགོ་བཏོན་པ་རེད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཁེ་ལས་འཐུས་མིས་གསར་འགོད་པར“གན་རྒྱ་མ་གཞག་གོང་ཞིང་ཆེན་བཟའ་བཅའ་ཞིབ་འཇུག་སློབ་གླིང་ཞབས་ཞུ་ཚོགས་པའི་ཆེད་མཁས་པ་ཚོ་ང་ཚོའི་བཟོ་གྲྭར་ཡོང་ནས་ཡུལ་དངོས་ནས་བརྟག་ཞིབ་དང་གྲོས་བསྡུར་བྱས་པར་མ་ཟད། ང་ཚོའི་ཐོན་རྫས་ཐུམ་སྒྲིལ་དང་ཕྱིར་ཚོང་ཐད་ཡོད་པའི་གནད་དོན་ལ་དམིགས་ནས་ཆེད་དུ་མཛུབ་ཁྲིད་བསམ་འཆར་བཏོན་པས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཆེན་པོ་ཐུབ་ཡོད”ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གསུམ་གྱི་ཞབས་ཞུའི་ལས་སྟེགས་སྒྲིག་གཞིའི་ཆེད་དོན་ཞབས་ཞུའི་ལས་གཞི་ནི་ཕྱོགས་བསྡུས་དོ་དམ་དང་ལག་རྩལ་གསར་གཏོད། གློག་རྡུལ་ཚོང་དོན་བཅས་ཁག་ཆེན་པོ་གསུམ་ལས་གྲུབ་པ་ཞིག་རེད། ཕྱོགས་བསྡུས་དོ་དམ་ཞབས་ཞུའི་ནང་གཙོ་བོ་དཀར་མཛེས་ཁུལ་གྱི་ཞབས་ཞུའི་ས་ཚུགས་འཛུགས་པ་དང་མ་དངུལ་བསྡུ་སྒྲིལ། ནོར་སྲིད་དཔྱ་ཁྲལ་གྱི་ཟུར་ཁྲིད། ཁུལ་ནང་ཁུལ་གྱི་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་སྒྲིག་གཞི་བཅས་ཚུད་ཡོད་པ་དང་། ལག་རྩལ་གསར་གཏོད་ཀྱི་ཞབས་ཞུའི་ནང་གཙོ་བོ་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་པ། སྤུས་ཚད་ལག་རྩལ་གྱི་ཚད་གཞི་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་། ཆེད་ལས་རྩལ་ནུས་དང་ཆེད་ལས་ལག་རྩལ་གསོ་སྦྱོང་བཅས་ཚུད་ཡོད། གློག་རྡུལ་ཚོང་དོན་གྱི་ཞབས་ཞུའི་ནང་གཙོ་བོ་ཁྲོམ་ར་རྒྱ་སྐྱེད་དང་ཚོང་གཉེར་ཁྱབ་གདལ་གཏོང་བ་ཚུད་ཡོད་པ་རེད། ཞབས་ཞུའི་བྱ་ཡུལ་ནང་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་ཁེ་ལས་འབྲིང་ཆུང་དང་ཆེད་ལས་མཉམ་ལས་ཁང་། ལས་རིགས་མཐུན་ཚོགས་བཅས་ཚུད་ཡོད་པ་དང་ཞབས་ཞུའི་སྒྲིག་གཞིས་ལག་བསྟར་ཁྱབ་ཁོངས་ནང་ཁེ་ལས་ལ་རིན་པ་མི་དགོས་པར་ཞབས་འདེགས་ཞུ་ཆོག་གི་ཡོད་པ་རེད།

ཕྱིན་ཆད་རང་ཁུལ་གྱིས་ཞབས་ཞུའི་སྟེགས་བུ་གསུམ་སྒྲིག་འཛུགས་བྱས་ཏེ་ཕྱོགས་བསྡུས་དོ་དམ་རིགས་དང་ལག་རྩལ་གསར་གཏོད་རིགས། གློག་རྡུལ་ཚོང་དོན་རིགས་བཅས་ཁག་གསུམ་ལ་དམིགས་ནས་ཞབས་ཞུ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། ལས་གཞི་རྗེས་འདེད་དོ་དམ་ལ་ཤུགས་རྒྱག་པ་དང་ལས་གཞི་ལག་བསྟར་འཕེལ་རིམ་ལ་སྐུལ་འདེད་གཏང་རྒྱུ་རེད། རང་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་ཡུལ་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ་ཁུལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་བཏང་བ་རེད།།




  • ལེ་ཚན་སྔོན་མ།:ཕག་མོ་རིའི་ཕུག་ལམ་དང་པོའི་གསེག་དུང་དང་གཡས་ཕྱོགས་ཀྱི་ཡན་ལག་ཕུག་ལམ་ཐོད་གཏུགས་ནས་ཕུག་ཐུབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10