ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ལས་དོན་ཐད་འདི་འདྲ་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-17

    སྤྱི་ཟླ5པའི་ཚེས14ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་ཚད་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཧྥུང་ཧྥ་ཀུའེ་ཡིས་ལྕགས་ཟམ་རྫོང་དུ་ཁུལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་ལས་ཀའི་བརྙན་འཕྲིན་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་གྱི་རིམས་ཚུལ་འགོག་ཟོན་ལས་ཀའི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་བརྒྱུད་བསྒྲགས་བྱས་པ་དང་། ཉེ་དུས་ཀྱི་གཙོ་གནད་ལས་ཀར་བཀོད་སྒྲིག་གནང་བ་རེད།

   ཧྥུང་ཧྥ་ཀུའེ་ཡིས་ནན་པོ་ཡིན་ལ་གནད་དུ་འཁེལ་བ་བྱ་དགོས་ཞེས་ནན་གསུང་གནང་བ་སྟེ། ནན་པོ་ཡིན་དགོས་ཞེས་པ་ནི་ཞིང་ཆེན་དང་ཁུལ་གྱི་རིམས་ཚུལ་འགོག་ཟོན་གྱི་བྱ་ཐབས་ཁག་ལག་བསྟར་ནན་པོ་བྱ་རྒྱུ་དང་། རྫོང(གྲོང་ཁྱེར)ཁག་གི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཉིན་ལྟར་ཉེན་ཁ་འབྱུང་ཚུལ་གྱི་གསལ་ཐོ་དང་། བསྐྱར་ཞིབ་གསལ་ཐོ།  རིམས་འགོག་སྨན་ཁབ་གསལ་ཐོ་བཅས་གསལ་ཐོ་གསུམ་ཁོང་དུ་ཆུད་དགོས་པར་ཟེར། གནད་དུ་འཁེལ་བ་ཞེས་པ་ནི་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རིམས་ཚུལ་འགོག་ཟོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གཏིང་ཟབ་ཅིང་ཆ་ཚང་ལ། ཁྱོན་ཡོངས་ཀྱི་སྒོ་ནས་ངོས་འཛིན་བྱས་ཏེ། ཕན་འབྲས་ཆེན་པོས་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས་པ་ལས། སླ་བཅོས་དང་གཅིག་དཔེ་བརྒྱ་འགེབས། འོག་རིམ་ལ་གནོན་ཤུགས་སྤྲད་པ་བཅས་མི་བྱས་ནས་རིམས་ཚུལ་འགོག་ཟོན་ཐུབ་པ་དང་དཔལ་འབྱོར་བརྟན་པོར་ཡོང་བ། འཕེལ་རྒྱས་ཉེན་མེད་ཡོང་བ་འགན་ལེན་བྱ་དགོས་པར་ཟེར།

   ཧྥུང་ཧྥ་ཀུའེ་ཡིས་དགོས་གཏུག་ཆེ་ཞིང་དོན་ཐོག་འཁྱོལ་དགོས་ཞེས་ནན་གསུང་གནང་བ་སྟེ། དགོས་གཏུག་ཆེ་བ་ཞེས་པ་ནི་རིམས་ཚུལ་འགོག་ཟོན་གྱི་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཏེ། དུས་ཚོད་ཀྱི་ང་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་རེ་རེ་ཡང་ངེས་པར་དུ་བརྩོན་ལེན་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་རིམས་ཚུལ་འགོག་ཟོན་གྱི་ལས་ཀ་ཁག་དོན་ཐོག་འཁྱོལ་ཅིང་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས་པ་དེ་རེད། དོན་ཐོག་འཁྱོལ་བ་ཞེས་པ་ནི་ས་ཁོངས་དང་སྡེ་ཚན། ལས་ཁུངས། མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་སྔར་བས་ནན་དུ་གཏོང་ཞིང་། མཐོང་སྔ་བ་དང་སྙན་སེང་སྔ་བ། ལོགས་བཀར་སྔ་བ། སྨན་བཅོས་སྔ་བ་བཅས་སྔ་བ་བཞིའི་བླང་བྱ་དོན་ཐོག་འཁྱོལ་བ་དང་། ཏང་མི་དང་བླངས་ཞབས་ཞུ་རུ་ཁག་གི་ནུས་པ་ཡག་པོ་འདོན་ཞིང་། སྤྱི་ཁུལ་གྱི་དྲྭ་མིག་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དུད་ཁྱིམ་གྱི་ཆ་འཕྲིན་རྩིས་ཐོ་འཐུས་ཚང་དུ་གཏོང་བ་དང་འགྱུར་ཚུལ་དང་བསྟུན་ནས་གསར་བརྗེ་བྱ་དགོས་པ་དེ་རེད། 


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་འགོག་ཁབ་གྲོང་ཚོར་བསྐྱལ་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།