ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་རྩ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་།

​རྟ་མགྲིན་རྡོ་རྗེས་བསྒྱུར།        2022-05-11

ད་ལོ་ནས་བཟུང་། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སྤྱི་ཁྱབ་དངུལ་ཁང་དང་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཀུན་ཕན་དངུལ་རྩའི་ལས་སྒོ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། དངུལ་བུན་ལས་སྒོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ངོས་འཛིན་གཅིག་གྱུར་དང་། དངོས་འཛིན་དངོས་སྒྲུབ། བྱེད་ཐབས་སྣ་མང་མཉམ་སྤྱོད། ཤུགས་འདོན་གནད་སྨིན་བཅས་བྱས་པས་ཀུན་ཕན་དངུལ་བུན་གཏང་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ད་སྔའི་བར་དུ་དངུལ་ཁང་དེའི་ཀུན་ཕན་དངུལ་རྩའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར18.82ལ་ཟིན་པ་དེ་ལོ་སྟོད་དང་བསྡུར་ན་སྒོར་དུང་ཕྱུར3.49འཕར་ཡོད་པ་རེད།

དངུལ་ཁང་དེས་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྗེས་སུ་དམ་པོར་འབྲངས་བ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་འབྲེལ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བ་དང་གྲོང་སྡེར་ཞབས་ཞུའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་པ། སྤྱི་ཁྱབ་དངུལ་ཁང་དང་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་གྱི་གོམ་སྟབས་དང་བསྟུན་ནས་ཞིང་འབྲེལ་ཁེ་ལས་ཀྱི་མ་དངུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲེལ་དངུལ་བུན་གཏོང་བ་དེ་དཔྱད་ཞིབ་ཀྱི་དམིགས་ཡུལ་ནང་བཞག་ཡོད། “དུད་ཚང་དང་པོའིeདངུལ་བུན”དང“ཁྲལ་འཇལeདངུལ་བུན” སོགས་དྲྭ་ལམ་ཐོན་རྫས་བེད་སྤྱོད་གང་ལེགས་བྱས་ཏེ་དྲྭ་ཐོག་དང་དྲྭ་འོག་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་ནས་སྒོ་འབྱེད་མཉམ་ལས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཐོན་རྫས་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། ཞིང་འབྲེལ་ཁེ་ལས་ཀྱི་ཡིག་ཚགས་བཟོ་རིམ་དཔྱད་བསྡུར་གྱི་ལས་དོན་ཧུར་ཐག་སྤེལ་ནས་ཞིང་དུད་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་བཏང་། དཔྱད་ཞིབ་ཇུས་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཁོངས་མི་ཡོངས་ཀྱི་ཉོ་ཚོང་ལ་སྐུལ་མ་བྱས་ནས་ཚོང་གཉེར་གྱི་རྣམ་པ་བཟང་པོ་བཏོད་ནས་ཞིང་འབྲེལ་དངུལ་བུན་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།།



  • ལེ་ཚན་སྔོན་མ།: སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཆེད་རམས་པ་གསེར་རྟ་རྫོང་དུ་ཕེབས་ནས་ཚན་རྩལ་ཞབས་ཞུ་བསྒྲུབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།