ཀྱི་གཡང་ཤོག ཕ་ཚངས་པ་བརྒྱ་བྱིན་ལ་སོགས་པའི་ལྷ་ཡི་ལོངས་སྤྱོད་ལྷན་ཆགས་ཅན་རྣམས་ཀྱི་གཡང་ཤོག
གེ་སར་དང་རྒྱ་ཚ་ལ་སོགས་པའི་དཔའ་བོ་དཔའ་རྩལ་ཅན་རྣམས་ཀྱི་གཡང་ཤོག བུ་ཚ་རིགས་རྒྱུད་ཅན་རྣམས་ཀྱི་གཡང་ཤོག སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་ཤོག སྨན་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་ཤོག བར་བལ་པོའི་རྒྱལ་པོའི་ཟོག་གཡང་ཤོག འབྲོག་སྦྲ་དཀར་གནམ་ལ་སློངས་ཚད་ཀྱི་མ་གཡང་ཤོག ཡུལ་ཞིང་དགུ་ས་ལ་བཙུགས་ཚད་ཀྱི་འབྲུ་གཡང་ཤོག
སྟག་གཟིག་ནོར་གྱི་རྒྱལ་པོའི་ནོར་གཡང་ཤོག ཨ་སྡུག་ལུ་བ་ཚང་གི་གཡང་ཤོག ལི་ཐང་ཇ་མ་ཚང་གི་གཡང་ཤོག གཡང་ཕྱི་ལ་མ་འགྲོ་ནང་ལ་ཤོག གཡང་ར་གཡང་ཁང་ནང་ལ་ཡོད ། གཡང་བབས་ས་ཡོད། འདུག་ས་ཡོད། བཞག་ས་ཡོད། གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས། གཟའ་སྐར་མང་པོས་ཚོགས་ཀྱིས་བསྐོར། ས་ལ་བཀྲ་ཤིས་འབྱུང་བ་ལྔ། མེ་ཆུ་ས་རླུང་ཚོགས་ཀྱིས་བསྐོར། བར་ལ་བཀྲ་ཤིས་དཀོན་མཆོག་གསུམ། ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར། དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་ཡིན་པ། བཀྲ་ཤིས་དེ་ཡང་དེང་ནས་བདེ་ལེགས་ཤོག