ལུས་སྨིན་དྲུག་ཇི་བཞིན་དུ་ཚེས་དགོས། ཁ་རྗེ་སྐར་ཚོགས་ཇི་བཞིན་དུ་བཀྲ་དགོས། བསོད་ནམས་སྦྲང་ཆར་ཇི་བཞིན་དུ་འབབ་དགོས། དབང་ཐང་ཟླ་བ་ཇི་བཞིན་དུ་ཚེས་དགོས། ཨ་སྔོན་དང་ཉི་ལྷ་འཕྲོད།
ས་གཞི་དང་ཉི་འོད་འཕྲོད། བྲག་དཀར་དང་རྒོད་ཕྲུག་འཕྲོད། གཡུ་ཆུང་དང་ཉ་སྲམ་འཕྲོད། གཡུ་གྲུ་དཀར་དང་གཡུ་ལུང་འཕྲོད། ཕྱེ་མར་དང་མདའ་དར་འཕྲོད། བུ་མོ་དང་གཡང་སྐར་འཕྲོད། ཕུགས་ལྷ་ཁྲ་མོ་ལ་སྙིང་བསྟན་དགོས། སྙིང་ག་བསྟན་ལ་བཀྲ་ཤིས་དགོས། སྒོ་གདན་ཁྲ་མོ་ལ་རྒྱབ་བརྟེན་དགོས། རྒྱབ་གང་བརྟེན་ལ་གཡང་ཆགས་དགོས། གཡང་རི་བོ་འདྲ་རྒྱབ་ལ་ཁུར་ཨ་ཡོད། རྩི་ཤིང་ནགས་ཚལ་འདྲ་བ་དེ་སྔོན་ལ་དེད་ཨ་ཡོད། གཡང་འདྲུད་འདྲུད་ཤུལ་ཤུལ་བྱས་ཨེ་ཡོད། རི་མགོ་ལ་ཁ་བ་ཅིག་བབས་འདྲ་ཇེ་དཀར་དང་ཇེ་མཐོ། རྒྱ་ཟངས་ཀྱི་འོ་མ་གང་འདྲ་ཇེ་གང་དང་ཇེ་བླུགས། མར་སྒོར་གྱིས་རྩིག་པ་བརྩིགས་འདྲ་ཇེ་རྫིག་དང་ཇེ་མཐོ། མཐིལ་བཞི་ནས་ཀྱིས་གང་འདྲ་ཇེ་ཟབ་དང་ཇེ་འཕེལ། ཟ་མི་ལ་ན་ཚ་མེད་པར་ཤོག ཟ་རུ་ལ་འཕེལ་གྲིབ་མེད་པར་ཤོག
བཀྲ་ཤིས་ཀྱི་དར་འཕེན་དེ་མགོ་ལ་ཀྱི་རྒྱབ་ཨེ་ཡོད། ཚེ་རིང་བའི་འཕྲུ་ཆུང་དེ་ལུས་ལ་ཀྱི་གྱོ ན་ཨེ་ཡོད གཡང་འཁོར་བའི་འདོ་བ་དེ་འོག་ལ་ཅིག་རྐྱ་(ཞོན)
ཨེ་ཡོད། དོན་འགྲུབ་པའི་རྦ་ལྕག་དེ་ལག་ལ་ཀྱི་ཁུར་ཨེ་ཡོད། གཡང་ཤོག གཡང་ཤོག རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་མཁས་པ་ཤེས་རབ་ཅན་རྣམས་ཀྱི་གཡང་ཤོག སྟོབས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་རྒྱལ་བློན་བཙན་ཕྱུག་ཅན་རྣམས་