འབའ་ཐང་མདོ་ཤོད་འབྲོག་པའི་ཆགས་རབས་དང་གཏམ་བཤད་རགས་བཀོད།(3)

        2011-10-17


སྐྱེས་ཕོ་རབས་དང་ཕོ་འབྲིང་ཕོ་མཐའ་གསུམ།  སྐྱེས་ཕོ་རབས་ལ་དུང་ཕྲེང་དུ་དགུ་བརྩེགས་ཡོད།   སྐྱེས་ཕོ་རབས་ཀྱི་དུང་ཕྲེང་དགུ་བརྩེགས་དེ་བཤད་ན།   མདོ་དང་ཧོར་གསུམ་དཔག་ཚད་དྲུག   རི་བོ་རྐོག་པའི་ཤུགས་དང་བདུན།    རྒྱ་མཚོ་དཀྲུགས་པའི་ཐབས་དང་བརྒྱད།   གྲལ་མང་པོའི་ནང་གི་གཏམ་དང་དགུ།   སྐྱེས་ཕོ་རབས་ཀྱི་དུང་ཕྲེང་དུ་བརྩེགས་ཡིན།   སྐྱེས་ཕ་འབྲིང་ལ་དབང་ཐང་སྣ་ལྔ་ཡོད།   གཉེན་ཉེ་བའི་བསྟན་པ་སྲུང་དང་གཅིག   དྲིན་ཕ་མ་ལ་བྱམས་ཆ་ཡོད་དང་གཉིས།   རྐྱང་འདོ་བ་ལ་གསོ་གཟན་སྤྲད་དང་གསུམ། བོག་ཁྲ་རིང་ལ་བརྩི་འཇོག་བཞག་དང་བཞི།   རྫས་སྔོ་མོའི་བཀོད་ཐང་སྒྲིག་དང་ལྔ།   དེ་ཕོ་འབྲིང་གི་དབང་ཐང་སྣ་ལྔ་རེད།   ཕོ་ཐ་མ་ལ་འགྱོ ད་པ་སྤུན་གསུམ་ཡོད།   ཕྱི་སྒོ་དེ་མི་ཆོད་ནང་ལ་འགྱོ ད།   རྟ་ཁ་ནང་མི་གཟན་ཤ་ལ་འགྱོ ད།   རང་རྟ་ཆད་རན་རོགས་ལ་འགྱོ ད།   ཕོ་ཐ་མའི་འགྱོ ད་པ་སྤུན་གསུམ་རེད།   སྐྱེས་ཕོ་རབས་ཕོ་འབྲིང་ཕོ་ཐ་གསུམ།   ཕོ་རབས་ཆང་འཐུང་མགོ་ལ་བཏབ།   མགོ་ལ་བཏབ་ཞིང་མགོ་དཔངས་མཐོ།   ཕོ་འབྲིང་ཆུང་འཐུང་ཁ་ལ་བཏབ།   ཁ་ལ་བཏབ་ཅིང་ཁ་མཆུ་མཐོ།   ཕོ་ཐ་མ་ཆང་འཐུང་སྙིང་ལ་བཏབ།   སྙིང་རྩ་ནག་དེ་རྒྱས་ཤིང་གྲི་ནག་ལེན།  ཟ་མོ་རབས་དང་མོ་འབྲིང་མོ་ཐ་གསུམ།   ཟ་མོ་རབས་ལངས་ལངས་དེ་མགོ་ནས་ལངས།   མགོ་ཅོ་སྤུ་བཞིན་དེ་མར་མར་ལངས།   ཟ་མོ་འབྲིང་ལངས་ལངས་གོས་ནས་ལངས།   གོས་གོང་བ་བཞིན་དུ་མར་མར་ལངས།   མོ་ཐ་མ་ལངས་ལངས་རྐང་ནས་ལངས།   རྐང་ལྷམ་གཡས་གྱོ ན་ཞིང་ལྷམ་གཡས་བརླག   དུད་ཕུང་རྩ་ཆད་ལུང་པ་གང་།   ཟ་མོ་རབས་མོ་འབྲིང་མོ་ཐ་གསུམ།   ཟ་མོ་རབས་རྒས་རྒས་ཆོས་ལ་རྒས།   ཆོས་རྩེ་མོ་གཉིས་དང་མཉམ་རྒས་རེད།   ཟ་མོ་འབྲིང་རྒས་རྒས་གནས་ལ་རྒས།   གནས་གོང་དཀར་གཉིས་དང་མཉམ་རྒས་རེད།  མོ་ཐ་མ་རྒས་རྒས་གོ་ལ་རྒས། 
ཁྱི་ལི་ལི་གཉིས་དང་མཉམ་རྒས་རེད།   གནས་གོ་ཁའི་ཐལ་དེ་གནམ་ལ་འཆོར།   རྒྱ་བཟའ་ཨ་དཀར་ལྷ་དང་གཅིག   མོ་སྤྱང་ད་ལི་སྒྲོན་དང་གཉིས།   ཁམས་མཚོ་འོ་མའི་མཚོ་དང་གསུམ།   མོ་དེ་གསུམ་གནས་ལ་ཨེ་སླེབས་འདྲི།   མོ་དེ་གསུམ་གནས་ལ་མ་བསླེབ་ན།   དེ་མིན་གནས་གོ་མི་ཆོད་དོ།   ཇ་དང་པོ་དགའ་ལྡན་ཤུག་པ་རེད།   གཉིས་པ་ཡོངས་འཛིན་མེ་ཏོག་རེད།   གསུམ་པ་སྐད་འགུར་གསུམ་ཡག་རེད།  ཇ་དེ་གསུམ་གཙང་ལ་ཨེ་སླེབས་འདྲི།   ཇ་དེ་གསུམ་གཙང་ལ་མ་བསླེབ་ན།   དེ་མིན་གཙང་ལ་མི་སླེབས་དོ།  དེ་མིན་ཇ་གོ་མི་ཆོད་དོ།  ང་བཤད་དགོས་གདའ་ཐལ་ཟེར་ན།  མི་མགོ་སྐམ་པོ་མ་ཆག་ན།   མི་ལྕེ་རློན་པ་གང་གཡུགས་ན།   མགོ་ཀླད་སྤྲུ་ཡི་དུང་མཚོ་མ་སྐམ་ན།   ལྕེ་ལེབ་ཆེན་གྱི་གཏམ་ལ་རྫོགས་རྒྱུ་མེད།  བཤད་རོགས་བུ་ཆུང་ཁ་བདེ་དེ།   རྣ་རྩ་མཚམས་ནས་བསླབ་བསྡད་རེད།   ལྕེ་དར་དཀར་པད་མའི་གདན་ཐོག་ལ།   བེའུ་འདྲ་ཞིག་འཚུབ་དེ་རེད།    རྨིད་པ་གཡུ་ལུང་སྔོ་མོ་དེ། 
  • ལེ་ཚན་སྔོན་མ།:ན་རོ་བོན་ཆུང་དང་མི་ལ་རས་པའི་སྒྲུང་།
  • ལེ་ཚན་རྗེས་མ།:ཚེམ་བཟོ་ཁ་བདེ་དང་ཁྱིམ་བདག