དུད་ཁ་ཕན་ཚུན་གཉིས་ཀྱིས་ཕྱི་ཡི་གཉེན་བཅོལ་ལས་བྱ། ནང་གི་གཉེན་ཁུ་ཕུ་མདའ་བར་གསུམ་ལ་ངས་ཚིག་རྩ་གསུམ་གྱིས་འབྲེལ་བ་བསལ་བ་ན། སྒུར་སྒུར་ཨ་བྲ་མིན་པ་དེ་བཤས་ཤ། འབྲུ་རམ་པ་མིན་པ་དེ་ཆང་བཙོ།
དགུང་ཁའི་ཤྭ་བ་མིན་པ་དེ་དར་བཏགས། ཆུ་ནང་ཉ་མོ་མིན་པ་དེ་ཆང་བླུགས། རི་རྐེད་སྤྱང་མོ་མིན་པ་དེ་ཤ་གཟན། དུད་ཁ་ཚང་གི་བཞི་འགྲིག་བརྒྱད་འགྲིག བཅུ་གཉིས་འགྲིག བུ་རམ་ཆ་ཡིས་སྡེར་ཁ་འགྲིག འགྲིག་པའི་རྟེན་འབྲེལ་རྣམ་གསུམ་ནི་འགྲིག་བྱུང་། མ་འགྲིག་པའི་ཆས་ཡོད་རྣམ་གསུམ་དེ་གང་ཡོད་དང་བཅས་པའི་དོན་ནི། ཞུ་ཤོག་ཡིན་འོ་ལགས། བཤད་དགོས་གདའ་ཚད་བཤད་རྒྱུ་ཡོད་རེད་དེ། སྲིད་པ་བཤད་ན་བཤད་རྒྱུའམ་ཡོད། སྲིད་པ་གཏམ་གྱི་སྤྲང་པོ་ཡིན། གཏམ་མེད་ན་མ་བཤད་རང་བཤད་རེད། རྒྱལ་རབས་བཤད་ནའང་(རྒྱལ་རབས)བཤད་རྒྱུ་ཡོད། རྒྱལ་རབས་གཏམ་གྱི་ཐ་མ་རེད། གཏམ་མེད་ན་མ་བཤད་རང་བཤད་རེད། གཉེན་གཏམ་གཏམ་གྱི་འགོ་མ་རེད། ངས་གཉེན་གཏམ་བཤད་རན་འགོ་ནས་བཤད། འགོ་འ་ཞང་ནང་པའི་རྒྱུད་ནས་བཤད། མདའ་བུ་ཚ་བུ་བུ་མོའི་མདའ་ནས་བཤད། ཤིང་གཅིག་ནས་བཅད་པའི་དུམ་བུ་རེད། ཤ་གཅིག་ནས་གསེག་པའི་ཤ་ཁོག་རེད། ཕྱི་ཤ་ཅིག་མ་རེད་ནང་ཚིལ་རེད། འ་བཤད་དགོས་རྒྱུ་བྲེལ་བ་ཅིག་མི་སྣང་འོ། ཟེར་ཞུ་ཤོག་ཡིན།
སྨོན་ལམ།
མགྱོ གས་བྱུང་། མགྱོ གས་བྱུང་། ཤར་ཕྱོགས་ཀྱི་ཤར་ནས་འོངས་པའི་བུ་མོ་སྐར་མའི་སྨིན་དྲུག་དེ། གཡང་ཁང་ཁྲ་མོ་ནང་ལ་མགྱོ གས་བྱུང་། མགྱོ གས་བྱུང་། སྔ་མ་ཀྱི་མ་ཐལ་ཕྱི་བ་མ་བྱུང་། སླེབས་ས་གཅིག་སྟེང་ནས་སླེབས་བྱུང་། ཕོག་ས་གཅིག་སྟེང་ལ་ཕོག་བྱུང་། ན་ལོའི་ཆུ་ཚོད་མ་སྟོང་། སྐར་མ་ཡི་དུས་ཚོད་མ་སྟོང་། ཀ་བ་ཁྲ་མོ་གཡང་གཞི་ཐོག་ལ་མགྱོ གས་བྱུང་། མགྱོ གས་བྱུང་། ཨ་མྱེས་འདུ་ར་གཉན་པོའི་བསུ་མ། དགེ་བསྙེན་གྱི་རླུང་ལྷ་གཉན་མོ་དེ་སྐྱེལ་མ། ད་དེ་རིང་གནམ་ལ་སྐར་མ་བཟང་། ས་ལ་དུས་ཚོད་བདེ། བར་ལ་ཚེས་གྲངས་ནི་བཟང་། ཟླ་བ་བློན་པོ་ནི་ཡག་བྱུང་། གཟའ་སྐར་འཕྲོད་སྦྱོར་ནི་བཟང་བྱུང་། བཟང་ས་བཟང་ཞིང་ཕུན་སུམ་ཚོགས་པ་འདི་ཡི་སྟེང་ལ། ད་ད་རིང་སྐར་མ་དེ་ཅི་ཡིན་ཟེར་ན། ད་རིང་སྐར་མ་དེ་མགོ་ཡིན། ལས་ཅི་བྱས་ཀྱི་འགུལ་ལོ་ཡག་དགོས། སང་ཉིན་སྐར་མ་དེ་ཅི་ཡིན་ཟེར་ན།
སང་ཉིན་སྐར་མ་དེ་ལག་ཡིན། བུ་ཚ་བོའི་མདའ་ལག་དེ་རྒྱས་དགོས། གནངས་ཉིན་སྐར་མ་དེ་ཅི་ཡིན་ཟེར་ན། གནངས་ཉིན་སྐར་མ་དེ་རྒྱལ་ཡིན། ཕ་ཨ་ཁུས་རྒྱལ་ས་ཟིན་དགོས། སྔོན་ཉི་མ་ཇི་བཞིན་དུ་དྲོ་དགོས། རྒྱབ་ཟླ་བ་ཇི་བཞིན་དེ་གསལ་དགོས།