༼ ནག་ཤོད་ང་རོའི་འཚེར་སྒྲ། ༽ 2025-11-21
ཞི་བདེ་ལྷིང་འཇགས་དེ་ལ་འཚོ་བ་ཟེར་རམ།
ཡང་ན་བྲེལ་ཟིང་གིས་ཕྱུག་པའི་འཚབ་
འཚུབ་དེ་ལ་འཚོ་བ་ཟེར།
ང་ཚོ་ནི་འཚོ་བ་ཡིན་ནམ།
ཡང་ན་འཚོ་བ་ནི་ང་ཚོ་ཡིན།
སྤྱི་ཚོགས་ཟེར་བ་དེ་འཚོ་བའི་འདུས་
གཟུགས་ཡིན་ན།
མི་བུ་རེ་རེ་ལ་ཡང་འཚོ་བ་ཟེར་ན་
འགྲིག་ཡོད་པའང་འདྲ།
སྤྱི་ཚོགས་ཀྱི་རྣམ་པའམ་འཚོ་བའི་རྣམ་པ་དེ་ཡང་།
བསམ་བློའི་འཁྱེར་སོ་ཞིག་གིས་
བསྒྱུར་དང་སྒྱུར་བཞིན་འདུག།
“ཚིག་ཚིག”ནི་ངའི་ལྷད་མེད་ཀྱི་སྒྲ་ཞིག་ཡིན།
སྔོན་ཆད་ངས་ཡིག་གཏག་ཁོ་ནའི་
ཆེད་ལས་བྱུང་བའི་སྒྲ་ཁོ་ན་ཡིན།
ད་ཆ་ངས་སྤྱི་ཚོགས་ཟེར་བའི་གྲུ་ཟུར་ནས།
ངའི་འཐེབ་གཞོང་གིས་སྒྲ་གཞན་ཞིག་
གྲག་ཡོང་བ་ནི།
འཚོ་བའི་ཆེད་ཀྱི་བརྙན་རིས་བཟོ་བའི་སྒྲ་ཙམ་ཡིན།
ད་ཆ་ཡི་ང་ནི་སྤྱི་ཚོགས་དང་གཞི་གཅིག་ཏུ་འདྲེས།
ང་སྤྱི་ཚོགས་ཡིན་ལ།
སྤྱི་ཚོགས་ཀྱང་ང་ཡིན།
རྩོམ་གསར། 10