ཕྱོགས་བརྒྱད་ཀྱི་ཐད་ནས་ད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས།

        2026-03-09

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ2026ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་ཏེ་རང་རྒྱལ་དཔལ་འབྱོར་ལས་དོན་གྱི་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས་ཡོད། འགོ་ཡག་པོ་ཞིག་བཙུགས་ཐུབ་པ་ནི་བྱ་བའི་ཕྱེད་ཀ་ལམ་དུ་ལྷོངས་ཡོད་པར་བརྩིས་ཆོག། "ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་འཛུགས་ལོ་ཡིན་པའི་ཆ་ནས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤུས་ཀ་ཅི་འདྲ་ཡིན་པ་ལ་དོན་སྙིང་ཆེན་པོ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་མི་ཉུང་བ་ཡོད་ཅིང་། ཕྱི་རོལ་གྱི་གནས་བབ་ལ་འཕོ་འགྱུར་ཕྱིན་པའི་ཤུགས་རྐྱེན་ཆེན་པོའི་འོག་ཏུ། ད་ལོའི་དཔལ་འབྱོར་ལས་དོན་ཅི་འདྲ་བསྒྲུབ་དགོས་པ་དང་ལས་འགན་གཙོ་བོ་གང་དག་ཡོད་པ་ཁོང་དུ་ཆུད་པ་ནི་དོན་ཆེན་ནང་གི་འགངས་ཆེན་ཡིན།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ་ད་ལོའི་དཔལ་འབྱོར་ལས་དོན་ཐད་བརྟན་ཐོག་ཡར་སྤེལ་དང་སྤུས་འབྲས་སྤར་དགོས་པའི་བསམ་གཞི་གཙོ་བོ་བཏོན་པའི་ཐོག། ཕྱོགས་བརྒྱད་རྒྱུན་འཁྱོང་དགོས་པའི་སྒོ་ནས་དཔལ་འབྱོར་ལས་དོན་དམ་འཛིན་ཡག་པོ་བྱ་དགོས་པ་ཁ་གསལ་བཟོས་ཡོད། རྒྱུན་འཁྱོང་དགོས་པའི་ཕྱོགས་བརྒྱད་པོ་དེ་རྣམས་གང་དང་གང་རེད་ཟེར་ན། དང་པོ་ནི་ནང་མཁོ་ཁྲིད་ཕྱོགས་སུ་བྱ་རྒྱུ་རྒྱུན་འཁྱོང་དགོས། གཉིས་པ་ནི་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་གྱི་སྒུལ་ཤུགས་བསླང་བ་རྒྱུན་འཁྱོང་དགོས། གསུམ་པ་ནི་བསྒྱུར་བཅོས་འགག་སྒྲོལ་བྱ་རྒྱུ་རྒྱུན་འཁྱོང་དགོས། བཞི་པ་ནི་ཕྱིར་ཕྱོགས་སྒོ་འབྱེད་བྱ་རྒྱུ་རྒྱུན་འཁྱོང་དགོས། ལྔ་པ་ནི་མཐུན་སྦྱོར་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོང་དགོས། དྲུག་པ་ནི"ཐཱན་གཉིས"ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོང་དགོས། བདུན་པ་ནི་དམངས་འཚོ་གཙིགས་སུ་འཛིན་པ་རྒྱུན་འཁྱོང་དགོས། བརྒྱད་པ་ནི་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་བསལ་བར་རྒྱུན་འཁྱོང་དགོས་པ་བཅས་རེད།།

 ( སྐལ་ཐུབ་ཀྱིས་བྲིས།)


  • ལེ་ཚན་སྔོན་མ།:ཀྲའོ་པོ་ཁུལ་སྲིད་གཞུང་གི་ཁྲེང་ཏུའུ་བཅའ་སྡོད་གཞུང་དོན་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ནས་བརྙན་ལམ་ནས་རྫོང་ཁག་ལ་བཀོད་གཏོང་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།