སྤྱི་ཚོགས་ཉེན་འགོག་གི་ཉེན་འགོག་རིགས་དྲུག་པ་འདི་འདྲ་རེད།

        2026-03-11

སྤྱི་ཚོགས་ཉེན་འགོག་གི་ཉེན་འགོག་རིགས་དྲུག་པ།  ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནི་ཅི་འདྲ་ཞིག་རེད།

    ད་ལོའི་སྲིད་གཞུང་ལས་ཀའི་སྙན་ཞུའི་ནང་དུ། 2026ལོར་ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ལམ་ལུགས་ཁྱབ་གདལ་གཏོང་དགོས་པ་བཏོན། ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་ཁྲིམས་བཀོད་སྤྱི་ཚོགས་ཉེན་འགོག་ཅིག་རེད། དེར་བརྟེན་རྒན་གསོ་དང་སྨན་བཅོས། ལས་ཤོར། ལས་རྨས། བུ་སྐྱེ་སོགས་རྗེས་ཀྱི་སྤྱི་ཚོགས་ཉེན་འགོག་གི་ཉེན་འགོག་རིགས་དྲུག་པར་བརྩི་བ་རེད།


ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནི་ཅི་ཞིག་ཡིན་པ་དང་། དེས་ཉེན་ཁ་ཅི་འགོག་ཐུབ་ཅེ་ན།

    ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་མཉམ་རོགས་ཀྱི་འགན་སྲུང་ལམ་ལུགས་ཤིག་རེད། ཆེད་དུ་ཡུན་རིང་གི་འཚོ་བ་རང་མགོ་མི་ཐོན་མཁན་ལ་གཞི་རྩའི་འཚོ་བའི་བདག་སྐྱོང་དང་རྨང་གཞིའི་སྨན་བཅོས་བདག་སྐྱོང་གི་འགྲོ་གྲོན་རྩིས་ཞུ་རྒྱག་པ་དང་། ཁྱིམ་ཚང་གི་བདག་སྐྱོང་ཁུར་པོ་ཇེ་ཡང་གཏོང་བ་ཡིན། དེ་སྨན་བཅོས་ཉེན་འགོག་གི་ལས་བགོ་དང་མི་གཅིག་ལ།  ཕན་ཚུན་ཚབ་བྱེད་མི་ཐུབ། སྟབས་བདེའི་སྒོ་ནས་བཤད་ན།

    སྨན་བཅོས་ཉེན་འགོག་ནི་སྨན་བསྟེན་རྒྱུ་ཡིན། དཔེར་ན།  སྨན་ཁང་དུ་སྡོད་པ།  གཤགས་བཅོས་བྱེད་པ། སྨན་ཉོ་བ། སྨན་བཅོས་བྱེད་པ།

    ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་གིས་བདག་སྐྱོང་བྱ་རྒྱུ་ཡིན། དཔེར་ན།  ལས་ནུས་ཤོར་རྗེས་ཟ་མ་ཟ་བ་དང་། གྱོན་གོས་གྱོན་པ། བདག་སྐྱོང་སོགས་ཡུན་རིང་གཉེར་སྐྱོང་བྱེད་པ། 


སུ་ཉེན་འགོག་ནང་དུ་ཞུགས་ཆོག་ཅེ་ན། རྐང་བཙུགས་ནས་ཞུགས་མི་དགོས། 

    ལས་བཟོའི་ཉེན་འགོག་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་ཉེན་འགོག་ནང་ཞུགས་པའི་མི་སྣ་ཚང་མ་ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནང་བཅུག་ཡོད་པས། དེ་མིན་གྱི་རེ་ཞུ་རྒྱག་མི་དགོས། སྨན་བཅོས་ཉེན་འགོག་དང་དུས་མཉམ་དུ་ཞུགས་པ་ཡིན་ལ།  དུས་མཉམ་དུ་རིན་སྤྲད་པ་ཡིན། 


ཉེན་ཁ་ཅི་འགོག་བཞིན་ཡོད་ཅེ་ན། རྒྱལ་ཡོངས་སུ་གཅིག་གྱུར་གྱི་ཞབས་ཞུ་སོ་དྲུག་འདུས་ཡོད། 

    རྒྱལ་ཁབ་ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ཞབས་ཞུའི་རྣམ་གྲངས་མིང་ཐོ་ཚོད་དཔར་ཞེས་པ་གཞིར་བཟུང་ནས། རྒྱལ་ཡོངས་སུ་གཅིག་གྱུར་གྱིས་རྨང་གཞིའི་ངེས་མཁོ་ཞབས་ཞུ་སོ་དྲུག་འགན་སྲུང་བྱས་ཡོད། ཞབས་ཞུ་རྩེ་གྲ་མེད་པ་དང་། བཟའ་བཏུང་ཡོད་པའི་ནད་ཁྲིའི་རིན་པ་རྩིས་ཞུ་མི་བྱེད། སྨན་བཅོས་ཉེན་འགོག་གི་རིན་པ་རྩིས་ཞུ་ཡང་ཞུ་མི་བྱེད།

    འཚོ་བའི་བདག་སྐྱོང་གི་རྣམ་གྲངས་ཉི་ཤུ། ཟ་གོན་བཀྲུ་གསུམ་དང་། ཁ་ནང་གཙང་བཤལ། གཅིན་སྐྱག་ཕྱིར་གཏོང་གཉེར་སྐྱོང་། འགྲོ་རོགས་སོགས་འདུས།

    སྨན་བཅོས་གཉེར་སྐྱོང་གི་རྣམ་གྲངས་བཅུ་དྲུག། ལུས་བརྡོལ་གཉེར་སྐྱོང་དང་། སྨན་བརྗེ་བ། དབྱང་དབུགས་འཇིབ་པ། ཚེ་སྲོག་ལུས་རྟགས་ཚད་ལེན།  ཁམས་གསོ་སྦྱོང་བརྡར་སོགས་འདུས།

    ཞབས་ཞུའི་རྣམ་པ་རིགས་གསུམ། ཁྱིམ་དུ་བསྡད་ནས་གཉེར་སྐྱོང་།  འདུས་ཁུལ་གྱི་ཉིན་རྒྱུན་གཉེར་སྐྱོང་།  གཉེར་སྐྱོང་ལས་ཁུངས་ཀྱི་གཉེར་སྐྱོང་། 


ཅི་འདྲ་བྱས་ནས་བེད་སྤྱོད་དགོས་ཞེ་ན། ཆ་རྐྱེན་གསུམ་ཀ་དུས་མཉམ་དུ་ཚང་དགོས། 

    རྒྱལ་ཁབ་ཡུན་རིང་གཉེར་སྐྱོང་ཉེན་འགོག་ལག་འགྲིམ་སྒྲིག་སྲོལ་ཚོད་དཔར་ཞེས་པ་གཞིར་བཟུང་། གཟིགས་སྐྱོང་རག་པར་གཤམ་གྱི་ཆ་རྐྱེན་དུས་མཉམ་དུ་ཚང་དགོས།

༡ ཉེན་འགོག་ནང་དུས་ལྟར་ཞུགས་ཡོད་པ།  བསྟུད་མར་སྨན་བཅོས་ཉེན་འགོག་དང་ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་སྤྲད་དགོས། 

༢ ལོ་ན་བགྲེས་པ་དང་། ན་ཚ། དབང་སྐྱོན་སོགས་ཀྱི་རྐྱེན་གྱིས་འཚོ་བ་རང་མགོ་མི་ཐོན་པ་དང་། ལས་ནུས་ཤོར་ནས་ཟླ་བ་དྲུག་ཡན་འགོར་བ། ནད་ཚུལ་བརྟན་པོ་བཅས་ཡིན་དགོས། 

༣ སྨན་བཅོས་ཉེན་འགོག་སྡེ་ཁག་གིས་ལས་ནུས་ཤོར་བར་རིན་མེད་དཔྱད་དཔོག་བྱས་ཏེ། ལས་ནུས་ཤོར་བ་འབྲིང་ཙམ་མམ་ལྕི་མོ་ཡིན་པར་ངོས་འཛིན་དགོས།

  

རྩིས་ཞུ་ཇི་ལྟར་བྱེད་པ་དང་། སྒོར་མོ་ཇི་ལྟར་སྤྲད་འོང་ཞེ་ན། 

    ཆ་རྐྱེན་དང་འཚམ་པའི་ལས་ནུས་ཤོར་བའི་མི་སྣས་གནས་འཁེལ་གཉེར་སྐྱོང་ལས་ཁུངས་ནས་ཞབས་ཞུ་དང་དུ་ལེན་པ་དང་། འགྲོ་གྲོན་གཏན་འབེབས་བཞིན་རྩིས་ཞུ་རྒྱག་པར་རེ་ཞུ་གོ་རིམ་བཞི་ཡོད་པ་གཤམ་ལྟར།

༡  རེ་ཞུ།  རང་ཉིད་དམ་ཁྱིམ་མིས་ས་གནས་སྨན་བཅོས་ཉེན་འགོག་ལག་འགྲིམ་སྒེའུ་ཁུང་དང་། སྨན་བཅོས་ཉེན་འགོགAPP ཡང་ན་བྱ་རིམ་ཆུང་བའི་ཐོག་ནས་རེ་ཞུ་སྤྲད་དགོས།

༢  དཔྱད་དཔོག། སྨན་བཅོས་ཉེན་འགོག་གིས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་རིན་མེད་དཔྱད་དཔོག་བྱེད་དགོས།

༣   ངོས་འཛིན། ཞིབ་བཤེར་ངོས་ལེན་ཐོབ་པ་དང་། ལས་ནུས་ཤོར་བའི་རིམ་པ་གཏན་འཁེལ་བྱེད་དགོས།

༤  ཞབས་ཞུ།  ཁྱིམ་དུ་འདུག་པའམ་འདུས་ཁུལ། ཡང་ན་ལས་ཁུངས་གཉེར་སྐྱོང་གང་རུང་གདམ་ནས། བྱང་བུ་བཞག་ནས་ཐད་ཀར་སྡོམ་རྩིས་རྒྱག་དགོས། 


ཡུན་རིང་གཉེར་སྐྱོང་གི་ཉེན་འགོག་ནི་མི་འབོར་བགྲེས་འགྱུར་དང་། མི་སེར་གྱི་ཚེ་མཇུག་གི་ལ་རྒྱ་སྲུང་བའི་དམངས་འཚོའི་འགན་སྲུང་གལ་ཆེན་ཞིག་ཡིན། 2026ལོ་ནས་བཟུང་རྒྱལ་ཡོངས་སུ་གཅིག་གྱུར་ཚད་གཞི་དང་། གཅིག་གྱུར་ཞབས་ཞུ།  གཅིག་གྱུར་དོ་དམ་བྱས་ཡོད། ས་གནས་སོ་སོའི་གནས་ཚུལ་གསལ་པོ་ས་གནས་ཀྱི་སྨན་བཅོས་ཉེན་འགོག་སྡེ་ཁག་ལ་འདྲི་ཆོག།



ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།

ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དངུལ་རྩ་གནད་སྨིན་ནུས་སྤྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོ་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10