2026-02-12
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས།
སྤྱི་ཟླ2པའི་ཚེས9ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།
ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་འབྱོར་དགོས་པའི་མི་གྲངས39ཞུགས་དགོས་ལ། མི་གྲངས37ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུར་ཀྲའོ་པོ་དང་ཧྲུའུ་ཏ་ཁྲུན། ཝང་ཡུས་ཆུང་། ཀའོ་ཀྲན། ཝང་ཞིང་ཆོན། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥེང་། རིན་ཆེན། ཝང་ཆང་། ཞའོ་ཀྲི་ཧུང་། རྡོ་རྗེ། ཚེ་དབང་འགྱུར་མེད་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལ་བདམས་པའི་བརྡས་ཐག་བཅད་པ་རེད།
ཚོགས་འདུར་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་ཉིན་རེའི་ལས་རིམ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་པ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གཏན་འཁེལ་བྱས་པ་རེད།
ཚོགས་འདུར་གྲོས་འཆར་མཚམས་འཇོག་དུས་ཚོད་སྐོར་གྱི་ཆོད་དོན་ལ་བརྡས་ཐག་གཅོད་པ་དང་། འཐུས་མིས་བཏོན་པའི་གྲོས་འཆར་མཚམས་འཇོག་དུས་ཚོད་ནི་སྤྱི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད17པ་བར་ཡིན་པ་རེད།
ཚོགས་འདུར་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་འཐུས་མི་ཚོགས་པ་ཁག་ལ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འདེམས་བསྐོ་བྱ་རྒྱུའི་གནས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་པ་རེད།
ཚོགས་འདུར་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་དང་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུ་སྤྲད་པ་གཏན་འབེབས་བྱས་པ་རེད།
ཚོགས་འདུར་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ། ཨུ་ཡོན། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འོས་མིའི་མིང་ཐོ་འཆར་ཟིན་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་འཐུས་མི་ཚོགས་པ་ཁག་ལ་གྲོས་མོལ་བྱ་རྒྱུ་སྤྲད་རྒྱུ།
ཚོགས་འདུར་ཀྲུའུ་ཞི་ཚོགས་པས་མིང་འདོན་པའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་མིང་ཐོའི་འཆར་ཟིན་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བར་མ་ཟད། འཐུས་མི་ཚོགས་པ་ཁག་ལ་གྲོས་མོལ་བྱ་རྒྱུ་སྤྲད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10