ལྕགས་སྲིབ་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།

( ཨོ་རྒྱན་གྱིས་བསྒྱུར།)        2025-12-15


ལྕགས་སྲིབ་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།

ཉེ་ཆར། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་ལམ་ལེགས་འགྲུབ་ཀྱི་མཐའ་མའི་དུས་མཚམས་སུ་སླེབས་ཤིང་།མྱུར་ལམ་འདིའི་སུམ་འགག་མདོ་ནས་དུང་དཀར་ལུང་པ་བར་གྱི་སྤྱི་ལེ49ཡི་ལམ་ངོས་ཧྲིལ་པོ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱ་རྩིས་ཡོད་པ་རེད།

ད་སྔར་ལྕགས་སྲིབ་མྱུར་ལམ་ལས་ལྕགས་ཟམ་རྫོང་གི་མངའ་ཁོངས་སུ་ཡོད་པའི་ལམ་དུམ་གྱི་ལས་གྲྭ་བརྒྱ་ཆ100དང་། ལམ་ངོས་ལས་གྲྭ་བརྒྱ་ཆ98། ཟམ་པའི་ལས་གྲྭ་བརྒྱ་ཆ100། ཕུག་ལམ་ལས་གྲྭ་བརྒྱ་ཆ100།འཛུགས་སྐྲུན་ལས་གྲྭ་བརྒྱ་ཆ97། འཕྲུལ་གློག་ལས་གྲྭ་བརྒྱ་ཆ95། ལྗང་འགྱུར་ལས་གྲྭ་བརྒྱ་ཆ97བཅས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

ལྕགས་སྲིབ་མྱུར་ལམ་ལས་ལྕགས་ཟམ་རྫོང་གི་མངའ་ཁོངས་ཀྱི་ལམ་དུམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་དུང་དཀར་ལུང་པའི་ལྗོངས་ཁུལ་བར་གྱི་ལམ་ཧྲིལ་པོ་མྱུར་ལམ་དུ་གྱུར་ནས་དུས་ཚོད་གསུམ་ཙམ་གྱི་ལམ་ཐག་ཇེ་ཐུང་དུ་གཏང་ཐུབ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:བརྩེ་དུང་ཟབ་མོ་ཕ་ཡུལ་སྐྱིད་པོར་བཅངས།། ཤེས་ལྡན་མི་སྣ་འཛོམས་ནས་འཕེལ་རྒྱས་གླེང་།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།