རང་ཁུལ་གྱིས་བྱེད་ཐབས་དགུ་བཏོན་ནས་ཕྱུགས་ལས་འཕེལ་རྒྱས་བཏང་།

        2025-12-10

དཀར་མཛེས་ཁུལ་གྱིས“བྱེད་ཐབས་དགུ”བཏོན་ནས་ཕྱུགས་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།

    སྤྱི་ཟླ12པའི་ཚེས1ཉིན། ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས《དཀར་མཛེས་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དགུ》བཏོན་པ་སྟེ། སོན་བཟང་གསོ་སྤེལ་རྒྱ་བསྐྱེད་དང་ཕྱུགས་རིགས་དང་ཁྱིམ་བྱའི་ཐོན་སྐྱེད་ཐོན་ནུས་ཆེ་རུ་གཏོང་བ། སྤུས་ལེགས་གཟན་རྩྭ་ཐོན་ལས་འཕེལ་རྒྱས་གཏོང་བ། སྲོག་ཆགས་ཀྱི་རིམས་འགོག་ནུས་པ་མཐོར་རུ་གཏོང་བ།  སྣེ་འདྲེན་ཁེ་ལས་དང་གསོ་སྐྱོང་དང་དར་སྤེལ་གཏོང་བ། ཟོང་རྟགས་གསོ་སྐྱོང་དང་ཁྲོམ་ར་རྒྱ་བསྐྱེད་གཏོང་བ། ཕག་ཤ་གསོག་འཇོག་སྙོམས་སྒྲིག་ལམ་སྲོལ་ལེགས་སྐྱོང་། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་དགུའི་ཐད་ལ་སྐུལ་འདེད་བཏང་སྟེ། ཕྱུགས་ལས་ཐོན་ལས་འབྲེལ་ཐག་གི་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་བསྣན་ནས་ཕྱུགས་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་། 

  ཐོན་ལས་འབྲེལ་ཐག་ཡོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། ཞིང་ཆེན་རིམ་པའི《ཕྱུགས་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》ཡིས་རྨང་གཞི་བྱས་ཐོག“བྱེད་ཐབས་དགུ”དེ་མིག་སྔར་དཀར་མཛེས་ཁུལ་གྱི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་པ་དང་། བྱ་ཐབས་རེ་རེ་བཞིན་ཞིབ་ཕྲ་བཟོས་ནས་སོན་ལས་དང་གསོ་སྤེལ། བཟོ་སྣོན། ཕྱིར་ཚོང་། ཟོང་རྟགས་སོགས་ཐོན་ལས་འབྲེལ་ཐག་ཡོངས་སུ་ཁྱབ་པར་བྱས། ཕག་དང་ནོར་ལུག། བྱ། རི་བོང་། སྦྲང་མ། རྩྭ་སོགས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་ཞིང་། དུས་མཚམས་སུ་གསོག་འཇོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངུལ་རྩ་དང་འགན་བཅོལ་སོགས་རྒྱུ་རྐྱེན་གཙོ་བོ་འགན་སྲུང་འཐུས་ཚང་དུ་བཏང་ནས་ཕྱུགས་ལས་ཀྱི་འབྲེལ་ཐག་ཡོངས་དང་ལྷུ་ཚིགས་ཁག་འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་དུ་འགྱུར་བར་འགན་ལེན་བྱས། 

  ལག་དངུལ་གྱིས་ཁ་གསབ་བྱ་དགའ་སྤྲད་རྒྱུ། “བྱེད་ཐབས་དགུ”ནི་དཀར་མཛེས་ཁུལ་གྱི་དོན་དངོས་ཐོག་གཞི་ཚུགས་ཤིང་། ཟོག་ཤ(འབྲུ་གཡག)དང་མི་ཐབས་ཁམས་སྦྱོར། ཕྱུགས་རིགས་དང་ཁྱིམ་བྱ་རྒྱུད་བཟང་རྒྱ་ཆེར་སྤེལ་བ། རྒྱུད་སྤེལ་ཐུབ་པའི་མོ་ཕྱུགས། ཕག་ཟོག་ལུག་སོགས་དང་ཁྱིམ་བྱའི་ཐོན་སྐྱེད། གཟན་རྩྭ་དང་གཟན་ཆས། རིམས་ནད་དང་འགོག་ཁབ། སྤྱི་ཚོགས་ཅན་གྱི་ཞབས་ཞུ། སྣེ་འདྲེན་ཁེ་ལས་གསོ་སྤེལ། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུན། འཛད་སྤྱོད་ཁྲོམ་ར་རྒྱ་སྤེལ། ཕྱུགས་ལས་དང་ཡུལ་སྐོར་མཉམ་འདྲེས་སོགས་ལ་ཁ་གསབ་བྱ་དགའ་ཚད་གཞི་དང་སྐུལ་ཐབས་ཁ་གསལ་བཟོས་པ་རེད། ཚོད་རྩིས་བྱས་པར་གཞིགས་ན། ལོ་ལྟར་ཁུལ་རིམ་པའི་ནོར་སྲིད་ཁ་གསབ་བྱ་དགའ་མ་དངུལ་སྒོར་ཁྲི1400ལྷག་ཟིན་རྒྱུ་རེད། 

   སྲིད་ཇུས་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས། བྱེད་ཐབས་དགུ་སྡེབ་སྒྲིལ་བྱས་ནས་མིག་སྔར་ཁུལ་རིམ་པའི་ནོར་སྲིད་ཁ་གསབ་བྱ་དགའ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྲིད་ཇུས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏང་བའི་བྱེད་ཐབས་སོགས་ཀྱིས་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཡོད་ཚད་སྐུལ་འདེད་བཏང་སྟེ། རྫོང(གྲོང་ཁྱེར)ཁག་དང་གཙོ་གཉེར་བྱེད་པོས་ནང་དོན་ཁག་རྒྱུས་ལོན་བྱེད་བདེ་བ་དང་ཆབས་ཅིག། དུས་ཐོག་ཏུ་ཆ་རྐྱེན་འཛོམས་པའི་བྱེད་ཐབས་ལ་སྙན་སེང་དང་ཞིབ་དཔྱད་བྱ་ཆོག་པ་རེད།།  


ལོ་ཙཱ། ཡེ་ཤེས།  

རྩོམ་སྒྲིག་པ། ཡེ་ཤེས།


  • ལེ་ཚན་སྔོན་མ།:རོང་བྲག་གི་ཆུ་གློག་ཁང་འདི་ལ་མ་དངུལ་སྒོར་དུང་ཕྱུར168གཏང་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལྕགས་སྲིབ་མྱུར་ལམ་གྱི་གནས་ཚུལ་གསར་ཤོས།
  • དོ་སྣང་ཆེ་བའི་རྩོམ།