སྣང་སྟོང་སྤྲོས་བྲལ་ ཨ་མའི་མགུར་གླུ།

༼ བདེ་ཆེན་ངག་གྲོལ། ༽        2025-12-10



ཀུན་རྫོབ་ཐ་སྙད་ཚིག་གི་མགུར་གླུ་ལ་ལྡང་བའི།།

སྣང་སྟོང་སྤྲོས་བྲལ་དགའ་མའི་ཟུང་འཇུག་གི་དབར་ན།།

འཁོར་འདས་ཆོས་ཀུན་རྟོགས་པའི་ཟག་མེད་ཀྱི་ཡེ་ཤེས།།

གཉུག་གཤིས་དོན་དམ་ལྷ་མོའི་ཡིད་མཁའ་རུ་འཕོས་སོང་།།

ཕྱི་ནང་རྟོག་པ་ལྡིང་བའི་ཚོར་འདུན་གྱི་ཁྲོད་དུ།།

རྨི་ལམ་ཞེ་སྣང་སྒྱུ་མ་སེམས་ཉིད་དུ་ཤོར་བའི།།

ཀུན་གཞི་གསལ་རིག་ངོ་བོའི་བག་ཆགས་དེ་སད་ན།།

སེམས་དང་སེམས་པ་གཉིས་ཀྱི་གསང་རྒྱ་ལས་བག་འདུག།

རྣམ་རྟོག་རྒྱ་མོ་ངུ་བའི་སྡུག་ཡུས་ཀྱི་འཁུན་པ།།

འཁོར་འདས་གླུ་རུ་བླངས་པའི་བརྟུལ་ཞུགས་དང་འགྲོག་དང་།།

ཞི་བ་ཏེང་འཛིན་སྐྱོད་པའི་གནམ་འཕང་གི་དབྱིངས་སུ།།

འོད་གསལ་སེམས་ཀྱི་ཐིག་ལེ་རང་སོར་དུ་བཞག་འགྲོ།།

མ་བཅོས་གཤིས་སུ་སྨིན་པའི་མཉམ་ཉིད་ཀྱི་ཡེ་ཤེས།།

རྩེ་གཅིག་སེམས་ཉིད་ངོ་བོའི་ཀུན་རྟོགས་ལ་སྤར་ན །

ཇི་ལྟར་ཇི་སྙེད་ཤེས་བྱའི་ཆོས་ཀུན་གྱི་དབྱིངས་སུ།།

མཁྱེན་རབ་ཡེ་ཤེས་ཆེན་པོ་གཞི་གཅིག་ཏུ་འདྲེས་འགྲོ།།

རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་གསང་གནད་དུ་བསྣུན་པའི།།

ལྟ་སྒོམ་སྤྱོད་པ་ཟུང་འབྲེལ་ཐབས་ཤེས་ཀྱི་ངོ་བོ།།

ཚེ་གཅིག་སྐུ་བཞི་ཆོས་ཀྱི་གོ་འཕང་དུ་ཤོར་བའི།།

རྟེན་འབྱུང་ལྟ་བ་རྟེན་འབྲེལ་ལམ་རིམ་དེ་སྨིན་འདུག།

ཚོར་འདུན་དཀར་དམར་གཉིས་ཀྱི་འདུས་མདོ་ནས་ཤོར་བའི།།

རྣམ་རྟོག་རྩ་རླུང་ཕྲ་མོའི་བང་རིམ་གྱི་རྩེ་ནས།།

འཁྲུལ་སྣང་སྒྱུ་འཕྲུལ་ལྷ་མོའི་ཟློས་གར་གྱི་ངོགས་སུ།།

འཁོར་འདས་གླུ་རུ་བླངས་པའི་འགྱུར་ཁུག་དང་འགྲོག་ཤོག།

ཟག་མེད་བདེ་ཆེན་འོག་མའི་ཆོས་དབྱིངས་ཀྱི་ཀློང་ན།།

རིག་འཛིན་མཁའ་འགྲོ་དགྱེས་པའི་ཚོགས་གྲལ་དུ་བཞུགས་དང་།།

རང་བྱུང་སྙིང་དཀྱིལ་པདྨའི་ཟེའུ་འབྲུ་ཡི་དབུས་སུ།།

གསང་བ་ཨ་ཡིག་གདོད་མའི་རང་བྱུང་ཞིག་འཁྱིལ་འདུག།

མི་ཚེ་ཡུན་ཐུང་ཕྲ་མོའི་ལས་དབང་དུ་བསྐོས་ཀྱང་།།

འཆི་མེད་འོག་མའི་དག་པའི་ཕོ་བྲང་ལ་སྨོན་དང་།།

རིག་འཛིན་དག་པ་ལྷ་ཡི་དཀྱིལ་འཁོར་གྱི་དབྱིངས་སུ།།

སྐལ་ལྡན་སྨིན་གྲོལ་ལམ་གྱི་ཐར་ལམ་ཞིག་བསྩལ་འདུག།



  • ལེ་ཚན་སྔོན་མ།:ཀ་ཕྲེང་བརྩེ་བའི་ཨ་ལོང་།
  • ལེ་ཚན་རྗེས་མ།:ལང་ཚོའི་སྙན་དབྱངས།