གངས་འདབས་ཀྱི་སེམས་གཞས།

༼ ནོར་གླིང་འཆི་མེད། ༽        2025-12-05


གྲང་ངར་གྱིས་གཙེས་པའི་དགུན་གཞུང་འདིར།

དྲོད་བཅུད་ཀུན་འདུས་ཀྱི་ཁྱོད་རང་།

དགུན་གཞུང་རིང་མོ་འདིའི་བསྐྱལ་རོགས་ཡིན་ལ།

གྲང་རེག་ངར་མ་འདིའི་གཉེན་པོ་ཡིན།

ཁ་བའི་འདབ་མ་སྟོང་ལྡན་གྱི་དུས་ཚིགས་འདིར།

ཞིམ་མངར་བརྒྱ་ལྡན་གྱི་ཁྱོད་ཉིད།

དམར་ཆུང་ལྕེ་ཤེས་འདིའི་ལོངས་སྤྱོད་ཡིན་ལ།

ཁང་ཆུང་གྲུ་བཞི་འདིའི་དྲོད་ཁོལ་ཡིན།

འཁྱག་སིབ་སིབ་ཀྱི་རི་གྲོང་འདི་ནས།

བྲོ་བ་སྣ་འཛོམས་ཀྱི་ཁྱོད་ཉིད།

ཁེར་རྐྱང་མི་ཚེ་འདིའི་སྐྱ་ཡ་ཡིན་ལ།

མཚན་ལམ་རིང་མོ་འདིའི་འདུག་རོགས་ཡིན།



  • ལེ་ཚན་སྔོན་མ།:འཚོ་བ།
  • ལེ་ཚན་རྗེས་མ།:བརྗོད་འདོད་ཡིད་ཀྱི་དཔག་བསམ།