དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་བཙུགས།
སྤྱི་ཟླ2པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ལྕགས་ཟམ་རྫོང་དུ་གཟབ་རྒྱས་ངང་འཚོག་འགོ་བཙུགས་པ་རེད། འགོ་འཛུགས་ཚོགས་འདུར་གྲོས་རིམ་ཁག་བཅུ་གཅིག་ཡོད་དེ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་ལ་ཉན་འཇོག་དང་། དཀར་མཛེས་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན(ཡིག་ཐོག)ལ་ཞིབ་བཤེར། དཀར་མཛེས་ཁུལ་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང2026ལོའི་འཆར་གཞི་འཆར་ཟིན་སྐོར་གྱི་སྙན་སེང་། དཀར་མཛེས་ཁུལ་གྱི2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན (ཡིག་ཐོག)བཅས་ལ་ཞིབ་བཤེར། དཀར་མཛེས་ཁུལ་གྱི2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2026ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སེང་། དཀར་མཛེས་ཁུལ2026ལོའི་སྔོན་རྩིས་འཆར་ཟིན(ཡིག་ཐོག)བཅས་ལ་ཞིབ་བཤེར། དཀར་མཛེས་ཁུལ་གྱི2025ལོའི་ཡུལ་སྡེ་དར་རྒྱས་ལས་དོན་སྙན་སེང(ཡིག་ཐོག)ལ་ཉན་འཇོག། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འོས་འགན་སློབ་གསོའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད(ཡིག་ཐོག )ལ་ཉན་འཇོག། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་ཡུལ་སྐོར་སྲོལ་ཡིག》བབ་བསྟུན་གཏན་འབེབས་ལག་ལེན་བསྟར་བའི>སྐོར་གྱི་གཏན་འབེབས་བེད་མེད་གཏོང་བའི(འཆར་ཟིན)》སྐོར་གྱི་གསལ་བཤད(ཡིག་ཐོག )ལ་ཉན་འཇོག། དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་ཉན་འཇོག། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་ལ་ཉན་འཇོག། དཀར་མཛེས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ལ་ཉན་འཇོག། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་བརྡས་ཐག་གཅོད་པ་བཅས་སོ།།