རང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་དར་མདོར་འཚོགས།

        2026-03-05

སྤྱི་ཟླ3པའི་ཚེས2ཉིན། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་དར་མདོ་གྲོང་ཁྱེར་དུ་འཚོགས་པ་རེད། 

   ཚོགས་འདུར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་མཐར་ཕྱིན་བསྟར་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ2025ལོའི་ལས་དོན་ལ་ཕྱོགས་བསྡོམས་དང2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

   གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་གནས་སྟངས་འཐུས་ཚང་དུ་གཏོང་བར་ཤུགས་རྒྱག་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་རྒྱག་པ། འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་ཕྱོགས་གཙོ་རྒྱུན་བསམ་བློ་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་ཏན་ཏིག་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་གཙོ་ཕྱོགས་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏང་དགོས་པ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། "སྐྱོན་བྲལ་གཉིས"ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ཆབ་སྲིད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་སྟེགས་སྐྲུན་པ། འབྲེལ་གཏུག་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བློ་རིག་དང་སྟོབས་ཤུགས་བསྒྲིལ་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་སྟེ་ཏང་ཕྱིའི་ཚབ་མཚོན་མི་སྣའི་དཔུང་ཁག་དང་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ནས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་བརྟན་པོར་འཆང་བ་དང་ལག་ལེན་བསྟར་བ།"མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ།"བཅས་ཀྱི་ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོ་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་བྱ་ཐབས་ལ་བརྟེན་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་ཤུགས་ཡོད་རྒུས་གཏོད་དགོས།

   ཚོགས་འདུར་བྲག་མགོ་དང་གསེར་རྟ། དཔལ་ཡུལ། འབའ་ཐང་། ཕྱག་ཕྲེང་རྫོང་བཅས་དང་དེ་བཞིན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། སི་ཁྲོན་མི་རིགས་སློབ་གླིང་། ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག། དཀར་མཛེས་འཁྱེར་འཕྲིན་སྤྱི་གཉེར་ཁང་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།།



ལོ་ཙཱ། ཨོ་རྒྱན།


  • ལེ་ཚན་སྔོན་མ།:བློ་རིག་བསྡུས་ནས་འགན་འཁྲི་ཁུར།།འབད་བརྩོན་ཆེན་པོས་ལེའུ་གསར་རྩོམ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10