རྐྱང་ཉུལ་གདོང་ནག། 2022-05-27
བསྟོད་སླ་བའི་མི་དེ་ཁྱོད་རང་མིན་པས།།
ཚིག་སྙན་པོས་བསླུ་བྲིད་ངས་ཀྱང་མི་བྱེད།།
སེམས་སྨྲེང་བའི་སྡུག་ཅིག་ཁྱོད་ལ་ཡོད་ན།།
རོགས་མཐུན་ལོ་ངས་ཀྱང་མཉམ་དུ་འདེགས་ཆོག།
ཕྱི་འཁོར་བའི་ཁ་དོག་ཇི་ལྟར་རྫུན་ཡང་།།
རོགས་འུ་གཉིས་འདང་སེམས་དྭངས་མོ་ཡིན་རེད།།
ལམ་གྱོང་འཇམ་མོད་པའི་མདུན་གྱི་རྐང་ལམ།།
རྔུལ་ཆུ་ཆེན་འཕྱི་བཞིན་མཉམ་དུ་བགྲོད་དེ།།
སྐྱིད་མི་ཚེའི་ཡ་ཐོད་གནམ་ལ་འགྱོགས་ཡོད།།
སྡེ་སེར་མོ་ཚོགས་འདུའི་མཆོད་དབྱངས་དབུས་ན།།
རོགས་འུ་གཉིས་མཐུན་པའི་གཏན་ཚིགས་བརྐོས་ཡོད།།
སྐྱིད་དགོད་སྒྲས་མི་ཚེའི་དུམ་ཡ་བསྐྱལ་ཟིན།།
དུས་མ་འོངས་འབྱུང་འགྱུར་འཚོ་བའི་ཁྲོད་ན།།
རེས་སྐྱིད་སྡུག་སྣ་ཚོགས་ཅི་ཡང་འཕྲད་ཀྱང་།།
སྐྱིད་འཛུམ་ཆུང་བསུ་བའི་དམ་བཅའ་མེད་ལ།།
སྡུག་ཁྲེས་པོ་བསྐྱུར་ཁའི་ངལ་བ་མཐའ་དག།
རོགས་ཁྱོད་ཀྱི་ཕྲག་ཡ་ང་རང་ཡིན་ཆོག།
བསམ་མོད་པའི་བློ་ལ་གུ་ཡངས་དབེན་པས།།
དབྱངས་སྙན་མོ་ཞིག་ལ་རྣ་བ་གཡར་ཏེ།།
སྔུར་ཧུབ་སྒྲ་སྦུགས་ཀྱི་དག་ཞིང་སོང་དང་།།
སང་ནངས་མོའི་སྐྱ་རེངས་འཆར་ཀ་ཕྱེ་དུས།།
ལྷོད་ཡངས་པའི་སེམས་ཁམས་གསར་པ་ཞིག་ཡོད།།
རོགས་མཐུན་ལོའི་ཡིད་ལ་དན་པོ་ཞོག་ཅིག།
རྩོམ་གསར། 10