ཉིང་སྐྱུར་དཔེ་བཤེར་གྱི་རིན་པ་མི་རེར་སྒོར་མོ16ལས་མི་དགོས།

སྐལ་ཐུབ་ཀྱིས་བསྒྱུར།        2022-05-26

   སྤྱི་ཟླ5པའི་ཚེས23ཉིན་ལ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་ལ་ཁ་གཏད་འཇལ་བའི་མཉམ་འགོག་མཉམ་འཛིན་ལམ་སྲོལ་སྨན་བཅོས་རོགས་སྐྱོབ་ཚོ་ཆུང་གིསསྔར་ལྷག་གིས་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་དཔེ་བཤེར་དང་འགོག་རྫས་དཔེ་བཤེར་གྱི་རིན་གོང་མར་གཅག་རྒྱུའི་སྐོར་གྱི་བརྡ་ཐོབཀྲམ་སྟེ། ས་གནས་ཁག་གིས་སྤྱི་ཟླ6པའི་ཚེས10ཉིན་གྱི་སྔོན་ལ་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་དཔེ་བཤེར་རིན་པ་མི་རེར་སྒོར16ལས་མཐོ་མི་རུང་བ་དང་། མི་མང་གིས་མཉམ་དུ་དཔེ་བཤེར་བྱེད་དུས་མི་རེ་ལ་སྒོར5ལས་མཐོ་མི་རུང་བའི་བླང་བྱ་བཏོན་པ་རེད།།  

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:རྡོ་རའི་ནང་གི་མེ་ཏོག་རྐང་རེ།། མི་ཉག་ཡུལ་གྱི་རྒྱན་དུ་འཁྲུངས་ཡོད།།
  • དོ་སྣང་ཆེ་བའི་རྩོམ།