སད་མ། 2022-05-27
མེ་ལོང་། ངས་ཇི་ཙམ་བལྟས་ཀྱང་འགྱུར་མི་སྲིད་
པའི་མེ་ལོང་།
ངའི་རྣམ་འགྱུར་ལ་ཡིད་ཆེས་བྱེད་བཞིན་པའི་མེ་ལོང་།
ང་དགོད་དུས་ངུ་ཞིང་། སྡུག་དུས་མི་དགོད་པའི་མེ་ལོང་།
མེ་ལོང་། ངས་ཅི་ཙམ་འཁང་ར་བྱས་ཀྱང་སྤྲོ་མི་ལངས་
པའི་མེ་ལོང་།
ངའི་ལྟག་རྒྱབ་ནས་ལྐོག་བཤད་མི་བྱེད་པའི་མེ་ལོང་།
ང་སྐྱོ་དུས་དགའ་ཞིང་། དགའ་དུས་མི་སྐྱོ་བའི་མེ་ལོང་།
མེ་ལོང་། ངས་ཇི་ཙམ་འགྲོགས་འདྲིས་བྱས་ཀྱང་སུན་
སྣང་མེད་པའི་མེ་ལོང་།
ངའི་བྱ་བ་ལ་ལེ་བདའ་མི་བྱེད་པའི་མེ་ལོང་།
ང་བྲེལ་དུས་འདུག་ཅིང་། འདུག་དུས་མི་བྲེལ་
བའི་མེ་ལོང་།
རྩོམ་གསར། 10