མ་ཡུམ་སློབ་གླིང་།

ལྗང་སྨྱུག        2022-04-21

གསེར་མདོག་ཉི་མ་སེར་པོ།།

ཤར་རིའི་རྩེ་ནས་ཤར་བས།།

མཐོ་རིམ་སློབ་འབྲིང་བཞི་པར། །

རེ་བའི་འོད་སྣང་འཕྲོས་སོང་།།

ཤེས་རིག་གནས་ལ་དགའ་བའི་སློབ་བུ་རྣམས།།

མ་འོངས་མདུན་ལམ་ཆེད་དུ་འབད་འབུངས་བྱེད།།

དུས་དང་རྣམ་པ་ཀུན་ཏུ་ཤེས་རིག་སྦྱོངས།།

འབྲས་བཟང་གཡུ་ལོ་སྨིན་པའི་རྟེན་འབྲེལ་བཟང་། །

གསེར་མདོག་ཉི་མ་ལྟ་བུའི་དགེ་རྒན་རྣམས།།

སྐལ་ལྡན་སློབ་ཕྲུག་རྣམས་ལ་ཤེས་སྦྱིན་གནང་།།

བློ་རིག་བཀྲ་བའི་རིགས་ཀྱི་སློབ་བུའི་ཚོགས། །

ཁ་བ་གངས་ཅན་ལྗོངས་ཀྱི་རྒྱན་ཆ་ཡིན།།

བློ་གསལ་སློབ་བུའི་དབྱངས་གསལ་གདངས་དབྱངས་འདི། །

མ་འོངས་ཕུགས་འདུན་བསུ་བའི་ཕོ་ཉ་ཡིན། །

དཀའ་སྡུག་བཟོད་བསྲན་ལྡན་པའི་སྙིང་རུས་འདི། །

ཤེས་སྤྱོད་ཟུང་ལ་རེ་བའི་འདུན་མ་ཡིན། །



  • ལེ་ཚན་སྔོན་མ།:ཚོར་བའི་རྒྱང་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།