དེ་རིང་ངས་གློ་བུར་དུ་ཕ་ཡུལ་དྲན་བྱུང་།

འབྲུག་འབུམ་རྒྱལ།        2021-07-14

རྣང་ཞིང་གྲུ་བཞི་འདིར།

འབྲུ་དྲུག་གི་སྙེ་མ་ལྡེམ་ལྡེམ་གཡོ་དུས།

ཕ་ཡུལ་ལགས། ང་དང་རྒྱང་ཐག་ཤིན་ཏུ་རིང་།

སྐྱོ་ལ་སྡུག་པའི་མི་ཚེ་འདིར།

ང་ཁེར་རྐྱང་དུ་རྒྱང་བགྲོད་བྱ་དགོས་བྱུང་།

ནང་སེམས་ཀྱི་ཟབ་སར།

སྐྱོ་སྣང་གི་རླུང་བུ་ལྡང་ནས་ཡུན་རིང་ཕྱིན་མཐར།

བར་མཚམས་ཤིག་ལ། ཁ་རོག་གེར།

མགོ་བོ་དང་གར་སྨད་ནས་དྭངས་གཙང་གི་མིག་ཆུ་རྡོག་གཅིག།

ཁུ་སིམ་སིམ་གྱི་ཡུལ་གྲུ་འདིར་གཏོར་དགོས་བྱུང་།

ཕྱི་རོལ་ཏུ་ཆར་བ་འབབ་ཀྱིན་འདུག།

རྟབ་རྟབ་པོ།

ཁོ་བོ་ཆར་ནང་དུ་བསྡད་དེ།

དྲན་གདུང་གི་སྡུག་བསྔལ་མཐའ་དག་ཕྱི་རུ་བྱོ་འདོད།

ཡུན་ཙམ་ལ། ལྷོད་ཤག་གེར།

སེམས་པ་འདི་ཡང་་་་་་་་་



  • ལེ་ཚན་སྔོན་མ།:ཕ་ཡུལ་ལ་བྲིས་པའི་སྙན་ངག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།