ཕ་ཡུལ་ལ་བྲིས་པའི་སྙན་ངག

གངས་ཚ་འཇོམས།        2021-07-14

སོང་སོང་མཐར།

གནས་མལ་ཅི་ཡང་མ་རྙེད་པར།

སྐབས་འདི་འདྲ་ཞིག་ལ་ཡང་ངས་ཁྱེད་ཁོ་ན་བརྗེད་མ་ཐུབ།

ལོ་ཟླའི་འགྲོས་དང་བསྟུན་ནས།

གློ་བུར་དུ་ང་ཁྱོད་ལ་ཇེ་དུང་ནས་ཇེ་དུང་དུ་གྱུར།

རྡོག་ཁྲེས་ཁུར་ཏེ་རྒྱང་རིང་ལ་ཕྱིན་ཀྱང་།

སེམས་པ་འདི། ཁྱེད་ཀྱི་གམ་དུ་ལྷགས་ཏེ་ཕྱིན་མ་ནུས།

རྒྱང་རིང་ནས་རྨི་ལམ་དུ་འཁོར་མྱོང་བ།

ཁེར་རྐྱང་དུ་ཉི་མར་ལྡེ་ཞོར།

མིག་འབྲས་འགུལ་ཙམ་ཡང་མི་བྱེད་པར།

རང་དབང་དུ་སྐྱིད་ཉལ་བྱེད་ས་དེའོ།།

ཕ་ཡུལ་ན་ཡོད་དུས། ཕ་ཡུལ་ང་དང་བར་ཐག་ཤིན་ཏུ་རིང་།

ཕ་ཡུལ་དང་གྱེས་དུས། ང་ཕ་ཡུལ་དང་རྒྱང་ཐག་རིང་།

ལྟ་བཞིན་བལྟས་ན། དེ་ནི་ཆོས་ཉིད་ཅིག་ཏུ་སྣང་།



  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་འཕོ་འགྱུར།
  • ལེ་ཚན་རྗེས་མ།:དེ་རིང་ངས་གློ་བུར་དུ་ཕ་ཡུལ་དྲན་བྱུང་།