ཡེ་ཤེས་ཀྱིས་བསྒྱུར། 2021-07-13
རང་ཁུལ་ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས།
ཁུལ་སྲིད་གྲོས་ལས་ཁུངས་ཀྲི་པུའུ།
ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཀྲི་པུའུ་ཡིས་རྩ་འཛུགས་འཚོ་བའི་ཚོགས་འདུའི་རྣམ་པའི་ཐོག་ནས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱས་པ་རེད། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་འགྲན་བསྡུར་ཁྲོད་དུ་ཧུར་ཐག་གིས་ཞུགས་ཡོད་པ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མི་དག་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་ཡོད་པ་རེད།
འགྲན་བསྡུར་བྱ་ཡུལ་དུ་ཁུལ་སྲིད་གྲོས་ལས་ཁུངས་ཀྱིས་གདམ་གསེས་བྱས་ནས་མཇུག་འགྲན་རུ་ཁག4བཙུགས་ཏེ་འགྲན་བསྡུར་ཛ་དྲག་ཆེ་བ་སྤེལ་བར་བརྒྱུད་ཚོགས་པའི་མཉམ་ལས་སྙིང་སྟོབས་མངོན་པ་དང་ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཆ་ཚང་ལ་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་ཡོད་པ་མཚོན་ཐུབ། དེ་དང་ཆབས་ཅིག་འགྲན་བསྡུར་གྱི་ཡུལ་དངོས་སུ“ལྟད་མོ་བ་ཚོས་མྱུར་ལན་འདེབས་པའི”མཚམས་ཚན་བཀོད་ནས་ལས་བྱེད་པ་ཡོངས་བྱེད་སྒོར་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་ཤེས་བྱའི་ཐད་ཀྱི་རྒྱུགས་རྩོད་བརྒྱུད་དེ་ཚང་མའི་ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་ཞིང་། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་རོལ་རྩེད་ཁྲོད་ནས་སློབ་གསོ་ཐེབས་ཤུགས་ཆེ་རུ་སོང་བ་དང་བསྟུན་ཏང་གི་ལོ་རྒྱུས་དང་རིགས་པའི་གཞུང་ལུགས་ཡིད་ལ་འཇགས་པར་སྐུལ་འདེད་བཏང་སྟེ། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས་གསར་པ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་བཅས་གཞི་རྩའི་ཤེས་བྱའི་བྱང་ཚད་ལ་ཞིབ་བཤེར་ཐོབ་ཡོད་པས། ཤེས་བྱའི་རང་བཞིན་དང་། སྐབས་དོན་ཆབ་སྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད།
ཛ་དྲག་ཆེ་བའི་འགྲན་རྩོད་རེས་གསུམ་བརྒྱུད་མཐར་ཚོགས་ཆུང་བཞི་པས་སྐར་མ120བླངས་ཏེ་ཨང་དང་པོ་ཐོབ། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་སྤྲད་པ་རེད།
ད་ཐེངས་ཀྱི་ཤེས་བྱའི་འགྲན་བསྡུར་བརྒྱུད་དེ་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་ངོས་འཛིན་དང་བསམ་ཤེས་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་ཏང་འཛུགས་སྐྱོང་གིས་དཔུང་ཁག་སྣེ་ཁྲིད་དང་འགན་འཁྲི་ལག་བསྟར་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་ཐུབ་ནས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད། སྦྱངས་བསམས་སྤྱད་གསུམ་གཅིག་གྱུར་ཡོང་བ་བྱེད་པའི་དམིགས་ཡུལ་གྲུབ་པར་མ་ཟད། སློབ་སྦྱོང་ཅན་གྱི་སྲིད་གྲོས་ལས་ཁུངས་ཀྱི་སྤྱོད་ཚུལ་བཟང་པོའང་མངོན་ཡོད།།
རྟའུ་རྫོང་།
“བདུན་གཅིག”གི་སྔ་དགོང་ལ་རྟའུ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་བྱས་པ་རེད། ལས་བྱེད་པ་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་ལ་ལྟ་སར་ཡོང་བ་དང་། ཁོ་ཚོས་འདྲ་པར་ལ་ལྟ་བཞིན་དཔྱད་བརྗོད་བྱེད་ཞོར་འདས་དོན་དག་ཕྱིར་དྲན་བྱེད་པ་དང་སྦྲགས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྐོར་གླེང་བ་རེད།
སྐུན་བུ་གྲོང་ཚོའི་པར་རྙིང་པ་ཞིག་གིས་རྟའུ་ནས་ཁ་བྲལ་ཏེ་ལོ20ལྷག་ཙམ་སོང་བའི་ཨ་ནེ་དབྱིན་ལགས་ཀྱིས་མིག་དབང་རབ་ཏུ་བཀུག། ཁོང་གིས་པར་རིས་ལ་ནན་ཏན་ངང་བལྟས་ནས་སྨྱུག་འཛིན་པར་ངའི་ཁྱིམ་དེ་ན་རེད། སྔོན་མ་འདིར་ཟམ་པ་མེད། བསྐོར་ནས་ཉིན་གཅིག་འགྲོ་དགོས་པ་རེད་ཅེས་བཤད་དེ་སྐབས་དེ་དུས་ཀྱི་འཚོ་བར་ཕྱིར་དྲན་བྱས།
ཨ་ནེ་དབྱིན་ལགས་ཀྱི་དྲན་འཆར་ནང་ཟམ་པ་མེད་པའི་ས་ཆར་ད་ཆ་ཟམ་ཆེན་ཞིག་སྔ་ནས་བསྐྲུན་ཟིན་པ་དང་། རྒྱལ་ལམ350དང་སྐུན་བུ་གྲོང་ཚོ་སྦྲེལ་ནས་མི་སེར་ཚོའི་སེམས་ནང་གི་སེམས་འབྲེལ་ཟམ་པ་ཞིག་ཏུ་གྱུར་ཡོད།
ཨ་ནེ་ཁྱེད་ཀྱིས་ལྟོས་དང་། དེ་ནི་གཙང་པོའི་ཕ་ཁའི་ད་ལྟའི་རྣམ་པ་ཞིག་རེད། སྔོན་མའི་འདམ་རྡོའི་གྲམ་ཐང་དེ་ད་ལྟར་སྐུན་བུ་གྲོང་ཚོའི་ཐོན་ལས་རྟེན་གཞིར་གྱུར་ཡོད་པ་རེད་ཅེས་སྨྱུག་འཛིན་པས་ཨ་ནེ་དབྱིན་ལགས་ལ་ངོ་སྤྲོད་བྱས།
པར་རིས་འགྲེམས་སྟོན་ཐོག་ལོ་རབས་ཀྱི་ཉམས་དོད་པའི་འདྲ་པར་རྙིང་པ་དང་དུས་རབས་གསར་པའི་འདྲ་པར་གསར་པ་རེ་རེ་བཞིན་བསྡུར་བའི་ཐོག་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་། ཐོན་ལས་འཕེལ་རྒྱས་སོང་བ། ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་དང་ཡུལ་སྡེའི་རྣམ་པ་སོགས་ཀྱི་ཐད་ནས་ཚང་མར་དུས་རབས་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། གྲོང་ཁྱེར་དང་ཡུལ་སྡེའི་འཕོ་འགྱུར་ཆེན་པོ་དང་རྟའུ་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་མྱོང་ཚོར་ཐུབ་ཀྱི་ཡོད།།
དར་མདོ་གྲོང་ཁྱེར།
ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་ཆེད། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་མིག་བལྟས་པ་དང་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྔགས་བརྗོད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེ་བའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་རྩ་འཛུགས་དང་འཆམ་མཐུན། ཤེས་དཔལ། འབྱོར་ཕྱུག། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དར་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ནུས་གཅིག་ཏུ་འགྲིལ་བའི་ཆེད་དུ།“བདུན་གཅིག”གི་སྔ་དགོང་ལ་དར་མདོ་གྲོང་ཁྱེར་གྱིས“ཏང་གི་ལོ་རྒྱུས་སྦྱོང་།། གསར་བརྗེའི་གླུ་གཞས་ལེན།།”ཞེས་པའི་གླུ་གཞས་མཉམ་གཏོང་འགྲན་བསྡུར་བྱས་པ་རེད།
ད་ཐེངས་ཀྱི་མཉམ་གཞས་འགྲན་བསྡུར་ནང་ཏང་ཚོགས་ཁོངས་གཏོགས་མཉམ་འབྲེལ་རུ་ཁག་དང་། སྲིད་གཞུང་ཁོངས་རིམ་མཉམ་འབྲེལ་རུ་ཁག། སྲིད་ཁྲིམས་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག། སློབ་གསོའི་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག། ཁུལ་ཁོངས་གཏོགས་ཀྱི་དར་མདོར་བཅའ་ཞུགས་དམག་དཔུང་གི་མཉམ་འབྲེལ་རུ་ཁག། མདོ་གྲོང་སྡེ་ཁུལ་གྱི་མཉམ་འབྲེལ་རུ་ཁག། ལས་འཁྱུར་ངལ་གསོའི་ལས་བཟོའི་མཉམ་འབྲེལ་རུ་ཁག་སོགས་རུ་ཁག12འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
འགྲན་བསྡུར་ཁྲོད་འགྲན་ཞུགས་རུ་ཁག་ཚང་མ་ཚ་ཚ་འུར་འུར་ངང་འགྲན་བསྡུར་ནང་ཞུགས་པ་དང་སྐད་གསང་མཐོན་པོས་གླུ་དབྱངས་བརྒྱུད་གཏོང་བྱས་པར་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ནས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་འགྲོ་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་ལོ་རྒྱུས་བརྗིད་ཉམས་ཆེ་བ་ལ་བསྔགས་བརྗོད་བྱས་པ་རེད། འགྲན་བསྡུར་དྲག་པོ་བྱས་མཐར་ཏང་ཚོགས་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག་དང་སློབ་གསོའི་ཁོངས་གཏོགས་ཀྱི་མཉམ་འབྲེལ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།།
ལི་ཐང་རྫོང་།
ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེས་ལི་ཐང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཚང་མས་དགོངས་དོན་ཤེས་རྟོགས་ཐུབ་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལི་ཐང་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཤད་པ་རེད།
སྤྱི་ཟླ7ཚེས5ཉིན་ལི་ཐང་རྫོང་གིས་རྫོང་ཨུ་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་མགྱོགས་མྱུར་བྱེད་ཅིང་། ད་ལྟའི་དུས་མཚམས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་གོ་བ་ལེན་པའི་ངོས་འཛིན་གཏིང་ཟབ་ཏུ་གཏང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལི་ཐང་དུ་དོན་འཁྱོལ་བྱ་རྒྱུ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། རྫོང་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས“སློབ་སྦྱོང་སྣེ་ཁྲིད”བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྔར་བས་སྤེལ་རེས་དང་དོན་འཁྱོལ་བྱ་ཐབས་ཞིབ་འཇུག་བྱས་ཏེ་སློབ་སྦྱོང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། རྒྱུན་ཨུ་ཁག་གིས“སློབ་སྦྱོང་སྣེ་ཁྲིད”དང“སློབ་ཁྲིད་སྣེ་ཁྲིད”དང“ལག་ལེན་སྣེ་ཁྲིད”བཅས་བྱ་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྡེ་ཁག་གིས་གསུང་བཤད་ཀྱི་དགོངས་དོན་དེ་རྫོང་ཡོངས་ཀྱི་དགོན་པའི་གྲྭ་བའི་སྲིད་ཇུས་སློབ་སྦྱོང་གི་ནང་དོན་དུ་གཞག་དགོས། སློབ་གསོའི་སྡེ་ཁག་གིས་གསུང་བཤད་ཀྱི་དགོངས་དོན་དེ་སློབ་གྲྭ་ཆུང་འབྲིང་ཁག་གི་དར་དམར་འོག་གཏམ་བཤད་བྱེད་པའི་ནང་དོན་དུ་གཞག་དགོས། ལས་ཁུངས་ཁག་དང་ཚན་པ་ཁག་གིས་གསུང་བཤད་ཀྱི་དགོངས་དོན་དེ“ཉིན་རེའི་ཆུ་ཚོད་གཅིག”གི་སློབ་སྦྱོང་ནང་དོན་དུ་བཅུག་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ཞིང་འབྲོག་མང་ཚོགས་ཀྱི་དཀའ་འཚུབ་སྐྱོ་སྡུག་གི་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་ལ་བསྒྱུར་དགོས་པ་བསྟན་ཡོད།
སྤྱི་ཟླ7ཚེས4ཉིན་ཚེ་མགོན་ཡུལ་ཤོག་ཏང་ཨུས་སྒྲོག་འགྲེལ་རུ་ཁག་བཙུགས་ནས་ཁ་ཐོར་སྒྲོག་འགྲེལ་བྱེད་སྟངས་ཐོག་ནས་སྲིད་འཛིན་གྲོང་ཚོ7དང་། ཐག་རིང་འབྲོག་ཁུལ། དགོན་སྡེ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་སྒྲོག་འགྲེལ་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འགྲེལ་བཤད་བརྒྱབ་པ་རེད། སྒྲོག་འགྲེལ་ལ་ཉན་རྗེས་མང་ར་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དམ་ཆོས་ཀྱིས་རྗེས་མ་ངས་ཐོག་མའི་བསམ་འདུན་དང་འགན་འཁྲི་མུ་མཐུད་ལག་ལེན་བསྟར་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་གང་ལེགས་བྱེད་དེ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་མུ་མཐུད་སྣེ་ཁྲིད་བྱས་ནས་འབད་འཐབ་ཧུར་ཐག་གིས་མང་ར་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
འཇའ་བ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་བློ་བཟང་འཇམ་དབྱངས་ཀྱིས་རྒྱལ་སྲིད་ནི་མི་དམངས་ཡིན། མི་དམངས་ནི་རྒྱལ་སྲིད་ཡིན་ཟེར་བ་ལྟར། འཇའ་བ་གྲོང་རྡལ་ནི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན། གསར་བརྗེ་རྒན་རབས་པའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་པ་དང་། ལྷག་པར་དུ་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་དམ་འཛིན་ནན་པོ་བྱས་ནས། བྱ་བ་བསྒྲུབས་ནས་མང་ཚོགས་ལ་ལྟ་རུ་འཇུག་པ་དང་མང་ཚོགས་ལ་སྣེ་ཁྲིད་དེ་བྱ་བ་བསྒྲུབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་མཛེས་སྡུག་དང་། སྐྱེ་ཁམས། བདེ་སྐྱིད།གསར་བརྗེ་བཅས་ཀྱི་འཇའ་བ་ཞིག་ཧུར་ཐག་གིས་གཏོད་དགོས་ཅེས་བཤད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10