ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་སྤེལ།

    མི་དམངས་དྲ་བ་ནས་དྲངས།    2021-07-12

ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་སྡེ་ཚན་ལ་གཟེངས་བསྟོད་དར་ཆ་གནང་།

ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་སྤེལ།

      སྤྱི་ཟླ7ཚེས5ཉིན།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི“འཇིགས་རྒོལ་གདོང་མཆོང་རུ་འབྲིང”གི་གཟི་བརྗིད་མཚན་སྙན་ཐོབ་པའི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤྱི་ཁྱབ་རུ་ཁག་གི་འཕྲུལ་སྒྲུབ་ཡན་ལག་རུ་ཁག་ཅིག་གི་དམིགས་བསལ་དམག་འཐབ་རུ་ཆེན་དམིགས་བསལ་དམག་འཐབ་རུ་འབྲིང་དང་པོར་གཟེངས་བསྟོད་དར་ཆ་གནང་བར་མ་ཟད་རུ་འབྲིང་དེའི་འཐུས་མི་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7ཚེས5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་དེ་ཚེས5ཉིན་ལ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་པའི་སྡེ་ཚན་ལ་གཟེངས་བསྟོད་དར་ཆ་གནང་བ་རེད། བརྒྱད་གཅིག་ཐོག་ཁང་ཆེ་མོའི་མཛད་སྒོ་འཚོག་ཡུལ་དུ། དཔོན་དམག་གི་འཐུས་མིས་རུ་སྟར་འགྲིག་པོ་བསྒྲིགས་ནས་ཁོར་ཡུག་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་པ་ཞིག་རེད། ཕྱི་དྲོའི་ཆུ་ཚོད4དང་སྐར་མ50ཙམ་ལ། གུས་དམག18གོམ་སྟབས་འགྲིག་པོས་ཚོགས་རར་བསྐྱོད་དེ་མེ་མདའ་ཁྱེར་ནས་གཞོགས་གཉིས་སུ་ཀྲོང་ངེར་ལངས་རྗེས་མཚན་སྙན་སྤྲོད་པའི་མཛད་སྒོ་མགོ་ཚུགས་ཤིང་། ཚོགས་ར་ཡོངས་སུ་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་མཚན་སྙན་སྤྲོད་པའི་ཀྲུང་དབྱང་དམག་ཨུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་གིས“འཇིགས་རྒོལ་གདོང་མཆོང་རུ་འབྲིང”གི་གཟི་བརྗིད་མཚན་སྙན་ཐོབ་པའི་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤྱི་ཁྱབ་རུ་ཁག་གི་འཕྲུལ་སྒྲུབ་ཡན་ལག་རུ་ཁག་ཅིག་གི་དམིགས་བསལ་དམག་འཐབ་རུ་ཆེན་དམིགས་བསལ་དམག་འཐབ་རུ་འབྲིང་དང་པོར་གཟེངས་བསྟོད་དར་ཆ་གནང་བར་མ་ཟད་རུ་འབྲིང་དེའི་འཐུས་མི་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན། མཚན་སྙན་སྤྲོད་པའི་མཛད་སྒོ་སྐད་གསང་མཐོན་པོའི་དམག་གླུའི་སྒྲའི་ཁྲོད་དུ་མཇུག་འགྲིལ་བ་རེད།




  • ལེ་ཚན་སྔོན་མ།:མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ལངས་ནས་ལོ་84འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་པེ་ཅིང་དུ་གཉེར་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།