2021ལོའི་ལྷ་སའི་ཞོ་སྟོན་གྱི་དུས་ཚོད་གཏན་ཁེལ་བྱས་འདུག

    ཀྲུང་གོའི་བོད་ལྗོངས་དྲ་བ།    2021-07-08

 ཞིམ་མངར་ལྡན་པའི་འོ་ཞོ་ལ་རོལ་བ་དང་། ཨ་ཅེ་ལྷ་མོར་ལྟ་བ། དགའ་སྤྲོའི་ངང་ནས་གླིང་ཁ་གཏོང་བ་སོགས་ལྷ་སའི་གྲོང་མི་རྣམས་ཀྱིས་ཆེས་དགའ་བསུ་ཐོབ་པའི་དབྱར་ཁའི་དུས་ཆེན་ཏེ།  ཞོ་སྟོན་བསུ་འགོ་བརྩམས་བྱུང་།

2021ལོའི་ལྷ་སའི་ཞོ་སྟོན་གྱི་དུས་ཚོད་གཏན་ཁེལ་བྱས་འདུག

2020ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན།

          ད་ལོའི་ལྷ་སའི་ཞོ་སྟོན་ནི་དུས་ནམ་ཞིག་ལ་ཡིན་ནམ།

          གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྐར་རྩིས་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ལྷ་སའི་ཞོ་སྟོན་ནི་སྤྱི་ཟླ8པའི་ཚེས8ཉིན་ཡིན་འདུག

          བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཞིབ་འཇུག་མི་སྣ་བདེ་སྐྱིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། “《2021ལོའི་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ》ལ་བལྟས་ན། ད་ལོའི་ལྷ་སའི་ཞོ་སྟོན་ནི་སྤྱི་ཟླ8པའི་ཚེས8ཉིན་ཡིན།  སྤྱིར་ན་ཞོ་སྟོན་ནི་ལོ་རེའི་བོད་རྩིས་ཀྱི་ཟླ6པའི་ཚེས30ཉིན་ཡིན་ཞིང་། འདི་ནི་གཏན་ཁེལ་གྱི་ཉིན་མོ་རེད།   འོན་ཀྱང་བོད་རྩིས་ཀྱི་ལོ་ཐོའི་ཁྲོད་དུ་མཚམས་ལན་རེར“ཟླ་ལྷག”དང“ཉིན་ཆད”སོགས་ཀྱི་སྣང་ཚུལ་འབྱུང་བས། དེར་བསྟུན་ལུགས་གསར་གྱི་དུས་ཚོད་ཀྱང་ལོ་རེ་བཞིན་མི་འདྲ། དཔེར་ན་ན་ནིང་གི་ལྷ་སའི་ཞོ་སྟོན་ནི་ལུགས་གསར་གྱི་དུས་ཚོད་སྤྱི་ཟླ8པའི་ཚེས19ཉིན་ཡིན་ཞིང་། དེ་ནི་ད་ལོ་ལས་ཅུང་འཕྱི་བ་ཡིན།”ཞེས་བཤད།

2021ལོའི་ལྷ་སའི་ཞོ་སྟོན་གྱི་དུས་ཚོད་གཏན་ཁེལ་བྱས་འདུག

2019ལོའི་ལྷ་སའི་ཞོ་སྟོན་གྱི་མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན།

          ཞོ་སྟོན་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་འགྱུར་བརྒྱུད་པའི་ཞོ་སྟོན་ནི་མིག་སྔར་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཀྱི་དགྱེས་སྟོན་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། ལོ་རེའི་ཞོ་སྟོན་གྱི་ཕུན་སུམ་ཚོགས་པའི་བྱེད་སྒོ་ལ་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་། གོས་སྐུ་བཤམས་པ། ཨ་ཅེ་ལྷ་མོའི་འཁྲབ་སྟོན། མི་རིགས་སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན། ཚོང་ཟོག་འགྲེམས་ཚོང་སོགས་འདུས།


  • ལེ་ཚན་སྔོན་མ།:སྨན་འདི་དག་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་མིང་ཐོར་འགོད་པའི་རེ་བ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།