ཏང་དྲིན་ཚོར་བའི་བསྟོད་གླུ་ཕུལ།། མི་རིགས་མཐུན་སྒྲིལ་གླུ་དབྱངས་བླངས།།

        2021-07-07

བརྒྱད་ཟིལ་རྫོང་གིས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་གླུ་གར་གྱི་མཆོད་པ་འབུལ།

ཏང་དྲིན་ཚོར་བའི་བསྟོད་གླུ་ཕུལ།། མི་རིགས་མཐུན་སྒྲིལ་གླུ་དབྱངས་བླངས།།

བྱེད་སྒོ་སྤེལ་ཡུལ།

གུང་ཁྲན་ཏང་གིས་མི་རིགས་ཀྱི་ཆེད་དུ་དཀའ་ངལ་ཁྱད་བསད་བྱེད། གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོ་སྐྱོབ། ཁོང་གིས་མི་དམངས་ལ་བཅིངས་འགྲོལ་གཏོང་བའི་ལམ་བུ་བསྟན། ཀྲུང་གོ་འོད་སྟོང་མདུན་ལམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་ཅེས་པའི་གླུ་ཚིག་སྙན་མོ་སྐར་ཁུང་རྒྱབ་ནས་གྲག། སྐབས་དེར། ལོ་ན85ལ་སོན་པའི་ཝང་གཡུ་སྒྲོན་གྱིས་ལམ་སེང་ཁྱིམ་གྱི་ཚ་བོ་ཚ་མོ་དག་འབོད་ནས་དཀར་ཆུ་འགྲམ་གྱི་ཐང་ཆེན་ཕྱོགས་སུ་བསྐྱོད། དུས་ཡུན་སྐར་མ་གསུམ་ལས་མ་འགོར་བར་རྒྱ་བོད་དབྱིས་གསུམ་དང་། ཧུའེ་རིགས། མན་ཇུ་རིགས་བཅས་མི་རིགས་ལྔ་ལས་གྲུབ་པའི་མཐུན་སྒྲིལ་གྱི་ཁྱིམ་ཚང་དེ་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པའི་ཁྱིམ་ཚང་ཆེན་མོའི་ཁྲོད་དུ་འདྲེས་སོང་།

དེ་ནི་སྤྱི་ཟླ6པའི་ཚེས23ཉིན་གྱི་ཉིན་གུང་ལ་བརྒྱད་ཟིལ་རྫོང་དུ་བྱུང་བའི་མི་སེམས་འགུལ་བའི་རྣམ་པ་ཞིག་ཡིན། ཉིན་དེར། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས་ཞེས་པའི་གཙོ་དོན་བྱེད་སྒོ་དེ་རྫོང་མཁར་དུ་སྤེལ་ཡོད། ས་གནས་དེ་གའི་རིག་རྩལ་ལས་དོན་པ་དང་ཏང་ཡོན་གྱི་འཐུས་མི།སྤྱི་ཚོགས་ལས་རིགས་ཁག་གི་ཏང་ཡོན་མང་ཚོགས།སློབ་གྲྭ་ཆུང་འབྲིང་གི་སློབ་མ་བཅས་ཀྱིས་ལྷག་བསམ་རྣམ་དག་གི་སེམས་པ་བཅངས་ནས་གླུ་དབྱངས་བླངས།ཏང་གི་སྤྱིར་བཏང་མིན་པའི་ལོ་ཟླར་རྗེས་དྲན་དང་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བསྔགས་བརྗོད་བྱས་པས་མ་ཚད་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས། བཅོས་བསྒྱུར་སྒོ་འབྱེད། རླབས་ཆེན་མེས་རྒྱལ། མི་རིགས་ཁག་གི་མི་དམངས་བཅས་ཡག་པོ་ཡིན་པའི་དུས་རབས་ཀྱི་འབོད་སྒྲ་བསྒྲགས་ནས་ཏང་བཙུགས་ནས་ལོ100འཁོར་བར་ཐུན་མོང་ཐོག་བསུ་མ་ཞུས་ཡོད།

ཉིན་དེའི་ཉིན་གུང་ཆུ་ཚོད12ཐོག་ལ། བོད་རིགས་དང་རྒྱ་རིགས།དབྱིས་རིགས་བཅས་ཀྱི་གྱོན་ཆས་སྤྲས་པའི་རིག་རྩལ་ལས་དོན་པ་བཞི་ཡིས་མི་རིགས་ཐང་ཆེན་དུ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་མཉམ་གླུ་ལེན་དུས་ལས་ཀ་གྲོལ་མ་ཐག་པའི་ལས་བྱེད་དང་ལས་བཟོ། ས་གནས་དེ་གའི་ཐང་ཆེན་ཞབས་བྲོའི་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ཁོ་ཚོས་རིག་རྩལ་བྱེད་སྒོའི་ནང་ཞུགས་ནས་གླུ་ལེན་བྲོ་འཁྲབ་བྱས་ཏེ་བློ་དཀར་སེམས་དཀར་གྱིས་ཏང་ལ་སྨོན་འདུན་ཞུས།

ཐང་ཆེན་ཐོག་གི་མི་ཚང་མས་སོ་སོའི་ཁྱིམ་དུ་ལོག་གྲབས་བྱེད་སྐབས། བརྒྱད་ཟིལ་རྫོང་མཁར་གྱི་དྲྭ་གྲགས་ས་གནས“ཡིག་འབྲུ་བརྒྱའི་འབྲུག་ལྡེབས”མདུན་གྱི་ཐང་ཆེན་དུ“ཕྲུ་གུ་གཉིས་ཀྱིས《གླུ་ཞིག་བླངས་ནས་ཏང་ལ་འབུལ།》ཞེས་པའི་གླུ་དེ་བླངས་ཤིང་། གླུ་ངག་སྙན་ཞིང་འགྱུར་ཁུག་ལྡན་པའི་དབང་གིས་བརྒྱད་ཟིལ་རྫོང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་དཔུང་ཁག་དང་དང་བླངས་པ་ཚོས་དགའ་བསུ་ཆེན་པོ་བྱས། ཁྲེང་ཏུའུ་གྲོང་ཁྱེར་ཆིང་པའེ་ཅང་ཆུས་ནས་ཡོང་བའི་ཁ་གཏད་རོགས་སྐྱོར་དཔུང་སྡེའང་ཡུལ་དངོས་སུ་འབྱོར་ནས་ལག་ནང་གི་དར་དམར་བསྒྲེངས་ནས་མགྲིན་གཅིག་ཏུ་སྐད་གསང་མཐོན་པོས་གླུ་གཞས་བཏང་བ་རེད།

ཉིན་དེའི་ཉིན་གུང་གི་ཆུ་ཚོད12དང་སྐར་མ30ཡི་ཐོག་མི་རིགས་ཐང་ཆེན་དང“ཡིག་འབྲུ་བརྒྱའི་འབྲུག་ལྡེབས”ཐང་ཆེན་དུ་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོ་ཆུ་འགྲམ་གྱི་ལུང་ཞང་ཐང་ཆེན་དུ་འཛོམས་ནས་རིག་རྩལ་ལས་དོན་པའི་སྣེ་ཁྲིད་འོག《དུས་རབས་གསར་པར་བསྐྱོད་པ》ཞེས་པའི་བྱེད་སྒོ་མཉམ་དུ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་འཚོ་བ་གསར་པར་བསྔགས་བརྗོད་བྱས།

སྔ་འཛིན་ཕྱི་གཏོད་ཀྱི་ལམ་ཁྲིད་པ་ཚོས་ང་ཚོ་དུས་རབས་གསར་པར་བསྐྱོད་པར་སྣེ་ཁྲིད་དེ་དར་ཆ་མཐོན་པོར་བསྒྲེངས་ནས་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད། ཡུལ་དངོས་སུ་སློབ་འབྲིང་སློབ་མ200ལྷག་གིས་ལུས་སུ་མི་རིགས་ཀྱི་གྱོན་ཆས་སྤྲས་པའི་ལས་བྱེད་མང་ཚོགས་དང་མཉམ་དུ་སྐད་གསང་མཐོན་པོས་གླུ་གཞས་གཏོང་གི་ཡོད། དགའ་སྤྲོ་དང་བདེ་སྐྱིད་ཀྱི་ཁེངས་པའི་གླུ་དབྱངས་སྙན་མོ་ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་ཁྱབ།

བརྒྱད་ཟིལ་རྫོང་ལ་བོད་རིགས་དང་དབྱིས་རིགས་ཀྱི་བར་ཁྱམས་ཟེར་བཞིན་ཡོད་ལ་གསང་བའི་གནས་ཡུལ་ཞེས་ཀྱང་བརྗོད་ཀྱི་ཡོད།ལོ་གང་མང་གི་རིང་རྒྱ་རིགས་དང་བོད་རིགས།དབྱིས་རིགས་སོགས་མི་རིགས་ཁག་གི་བུ་ཕྲུག་ཚོས་ས་ཆ་འདིའི་ཐོག་ཞི་མཐུན་མཉམ་གནས་བྱེད་ཀྱི་ཡོད་མོད།འོན་ཀྱང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་གཞས་བཏང་བ་ནི་བརྒྱད་ཟིལ་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞེས་བཤད། བརྒྱད་ཟིལ་རྫོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲའོ་ཁྲེང་ཀྲུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་གསར་བརྗེའི་གཙོ་དོན་དབྱངས་རྟ་བླངས་པ་དེ་ནི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གསོན་ཉམས་དོད་པའི་གསལ་འགྲེལ་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད།

རིག་རྩལ་བྱེད་སྒོར་ཞུགས་པའི་ཝང་གཡུ་སྒྲོན་གྱིས་གུང་ཁྲན་ཏང་ཡོད་པའི་རྗེས་ནས་ཀྲུང་གོ་གསར་པ་བྱུང་ཡོད། གཞི་ནས་ང་ཚོས་ད་ལྟའི་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་ཐུབ་བྱུང་། བཅིངས་འགྲོལ་མ་བཏང་གོང་གི་བརྒྱད་ཟིལ་རྫོང་དང་བསྡུར་ན་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སྦྱངས་ནས་དོན་ཤེས་པ། བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་ལ་བྱང་ཆུབ་ཅིང་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱ་དགོས།
  • ལེ་ཚན་རྗེས་མ།:ཏང་གི་ལོ་རྒྱུས་སྦྱོང་། ཏང་གི་བཀའ་དྲིན་བསྟོད། ཏང་གི་རྗེས་སུ་འབྲང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10