སྦྱངས་ནས་དོན་ཤེས་པ། བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་ལ་བྱང་ཆུབ་ཅིང་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-07

རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།

སྦྱངས་ནས་དོན་ཤེས་པ། བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་ལ་བྱང་ཆུབ་ཅིང་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱ་དགོས།

སྤྱི་ཟླ7ཚེས3ཉིན་ལ་དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ནང་ཞུགས་མཁན་རང་ཁུལ་གྱི་འཐུས་མི་ཀྲེན་ཞན་ཧྥུང་དང་།ཏང་ནང་ཞུགས་ནས་ལོ50ལོན་པའི་ཏང་ཡོན་རྒན་གྲས་ཡོན་ཞིའུ་ཀྲེན་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་ཁོ་ཅིན་ཀུའེ།ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྣ་ལིན་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་མ་ཞའོ་ཆན་མའེ་བཅས་ཀྱིས་མྱོང་ཚོར་སྤེལ་རེས་གནང་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་འཛམ་གླིང་ཡོངས་ལ་བརྗིད་ཉམས་ཆེན་པོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་ཐུབ་པ་ཁྱབ་སྒྲགས་གནང་བ་དང་། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་རེད། རང་རེའི་ཏང་གིས་ལོ་ངོ་བརྒྱའི་རིང་ལ་འབད་འཐབ་བྱས་པའི་གཙོ་དོན་མངོན་གསལ་ཅན་ཕྱོགས་བསྡོམས་ཚད་མཐོན་པོས་བྱས་ཤིང་། ལོ་བརྒྱའི་འབད་འཐབ་བྱེད་རིང་རང་རེའི་ཏང་གིས་མི་དམངས་སྣེ་ཁྲིད་དེ་གསར་སྐྲུན་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཤིང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དེ་ཐོག་མར་བཏོན་པ་དང་འབྲེལ་རྒྱས་བཤད་ཀྱང་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འབར་བའི་མདུན་ལམ་གསལ་བཤད་གཏིང་ཟབ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་།དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ང་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ་དང་ལེའུ་གསར་པ་རྩོམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད་ཅེས་ངོས་འཛིན་བྱས། ཚང་མས་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་མུ་མཐུད་དེ་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ། དཀར་མཛེས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་ཐོག་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་སྐྲུན་པ་བཅས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།

ཧྲེན་དབྱང་གིས་ཏང་བཙུགས་ཚུན་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་། གསར་སྐྲུན་པའི་རླབས་ཆེན་ལོ་རྒྱུས། གྲུབ་པའི་རླབས་ཆེན་གྱི་སྙིང་སྟོབས། སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་བྱ་གཞག། མངོན་གྱུར་ཐུབ་པའི་རླབས་ཆེན་གྱི་ཕུགས་འདུན། བྱེད་བཞིན་པའི་རླབས་ཆེན་གྱི་འཐབ་རྩོད། འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལས་ཀ་བཅས་ལ་གོ་བ་གཏིང་ཟབ་ལེན་པའི་སྐོར་ལ་དམིགས་ནས་མྱོང་ཚོར་སྤེལ་རེས་གནང་ཞིང་། ཁོང་གིས་ང་ཚོས“ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ལ་དམིགས་པ་དང་ལས་དབང་ལ་ཕྱོགས་པ”ཡིན་རྒྱུ་ཐོག་མཐའ་བར་གསུམ་དུ་བློར་བརྟན་པོ་ངེས་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་བླང་དགོས་ཞེས་གསུངས།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ལོ་བརྒྱའི་རིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྦྱངས་ནས་དོན་ཤེས་པ། བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་ལ་བྱང་ཆུབ་ཅིང་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ཏང་དྲིན་ཚོར་བའི་བསྟོད་གླུ་ཕུལ།། མི་རིགས་མཐུན་སྒྲིལ་གླུ་དབྱངས་བླངས།།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10