བར་སྣང་ནས་བླངས་པའི་ངོ་མཚར་ཆེ་བའི་སའི་གོ་ལའི་བརྙན་པར།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-07-05

   ཀྲུང་གོ་མི་སྡོད་མཁའ་འགྲུལ་བཟོ་སྐྲུན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཆུ་ཚོད་12དང་སྐར་མ་09ཐོག  མཁའ་འགྲུལ་འཕུར་སྐྱོད་པ་ལིའུ་པོ་མིང་དང་ཐང་ཧུང་པོ་གཉིས་ཀྱིས་བར་སྣང་ས་ཚིགས་ཀྱི་གྲུ་ཚང་ཕྱིའི་ཡུལ་ལྗོངས་ཧྲིལ་པོ་པར་ལེན་ཐུབ་པའི་པར་ཆས་ཡར་འདེགས་ཀྱི་ལས་དོན་མཉམ་དུ་བསྒྲུབས་ནས་ལེགས་འགྲུབ་བྱུང་ཡོད།  

བར་སྣང་ནས་བླངས་པའི་ངོ་མཚར་ཆེ་བའི་སའི་གོ་ལའི་བརྙན་པར།

       པེ་ཅིང་གི་དུས་ཚོད་སྤྱི་ལོ་2021ལོའི་ཟླ་7ཚེས་4ཉིན་གྱི་ཆུ་ཚོད་8དང་སྐར་མ་11ཐོག  མཁའ་འགྲུལ་འཕུར་སྐྱོད་པ་ལིའུ་པོ་མིང་གིས་བདེ་བླག་ངང་ཐེན་ཧོ་འཕུར་སྐྱོད་ཀྱི་ལྟེ་བའི་གྲུ་ཚང་གི་སྒོ་ཕྱེ་ནས་ཕྱི་རོལ་དུ་བསྐྱོད་པ་དང་། ཆུ་ཚོད་11དང་སྐར་མ་02བར་སླེབས་དུས།  འཕུར་སྐྱོད་པ་ལིའུ་པོ་མིང་དང་ཐང་ཧུང་པོ་གཉིས་ཀྱིས་ལུས་ལ་ཀྲུང་གོ་རང་ཉིད་ཀྱིས་ཞིབ་འཇུག་གསར་བཟོ་བྱས་པའི་དུས་རབས་གསར་པའི་མཁའ་འགྲུལ་གྲུ་ཚང་གི་ཕྱིའི་འཕུར་སྐྱོད་གྱོན་ཆས་གོན་ཏེ་སྔ་རྗེས་སུ་ཐེན་ཧོ་ལྟེ་བའི་གྲུ་ཚང་གི་ཚིགས་ཚང་ནས་བདེ་བླག་ངང་ཕྱིར་ཐོན་པ་མ་ཟད་འཕྲུལ་ཆས་ཀྱི་གཤོག་པའི་སྟེང་ཚོད་འཛིན་ཡོ་བྱད་དང་གྲུ་ཚང་ཕྱིའི་ལས་སྒྲུབ་སྟེགས་བུ་སོགས་ཀྱི་ལས་ཀ་ལེགས་གྲུབ་བྱུང་པ་དང་། དེ་དང་བསྟུན་ནས་འཕྲུལ་ཆས་ཀྱི་གཤོག་པའི་རྒྱབ་སྐྱོར་འོག་ཕན་ཚུན་དབར་གཞོགས་འདེགས་བྱས་ཏེ་བར་སྣང་ས་ཚིགས་ཀྱི་གྲུ་ཚང་ཕྱིའི་འབྲེལ་ཡོད་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་ལས་ཀ་སྒྲུབ་རྒྱུ་རེད། དེའི་སྐབས་སུ། གྲུ་ཚང་ནང་དུ་གནས་པའི་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་གིས་འཕུར་སྐྱོད་པ་གཞན་པ་གཉིས་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ་གྲུ་ཚང་ཕྱི་རོལ་གྱི་ལས་དོན་སྒྲུབ་པ་རེད།   

བར་སྣང་ནས་བླངས་པའི་ངོ་མཚར་ཆེ་བའི་སའི་གོ་ལའི་བརྙན་པར།

    དེ་ནི་ལྷ་གྲུ་བདུན་པའི་འཕུར་སྐྱོད་རུ་ཁག་གིས་བདེ་བླག་ངང་གྲུ་ཚང་ནས་ཕྱིར་འབུད་པའི་ལས་འགན་འགྲུབ་ནས་ལོ་13སོང་རྗེས། ཀྲུང་གོའི་འཕུར་སྐྱོད་པས་ཡང་བསྐྱར་གྲུ་ཚང་ནས་འབུད་པའི་ལས་འགན་བསྒྲུབས་པ་ཞིག་རེད།

  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།
  • ལེ་ཚན་རྗེས་མ།:《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ》ཐད་ཀྱི་དྲན་རྟེན་སྦྲག་འཛིན་དང་དྲན་གསོའི་ཡིག་སྐོགས་པེ་ཅིང་དུ་ཁྱབ་སྤེལ་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།