ལོ་བརྒྱའི་འོད་སྣང་།

གཞི་ཚང་ཟླ་བ་གྲགས་པ།        2021-07-02

ལོ་རྒྱུས་རིང་མོ་ཆུ་རྒྱུན་ལ།།

དུས་རབས་གསར་བའི་རླབས་སྒྲ་སྙན།།

གཤོག་ལྡན་འཕུར་ལ་མི་ཞུམ་པའི།།

སྲིད་འབྱོར་རིག་པའི་ནམ་མཁའ་དྭངས།།

གཅེས་བྱམས་ཟླ་གཞོན་ལང་ཚོ་ལ།།

འཆི་མེད་ཕྱྭ་ཚེའི་དངོས་གྲུབ་འཁྱིལ།།

རྫོགས་ལྡན་ནོར་གྱི་གཡང་འགུག་པའི།།

དབུལ་པོ་ཕྱུག་འགྱུར་ལམ་བུ་ཡངས།།

འཆམ་མཐུན་རྫུ་འཕྲུལ་ཕྱག་ཟུང་གིས།།

སྔོ་ལྗང་སྣོད་བཅུད་དྲོད་ཀྱིས་གཉོར།།

དམིགས་མེད་ཉི་མ་འོད་པོ་ཆེ།།

མི་རིགས་ང་དྲུག་དཔལ་དུ་བརྗིད།།

  • ལེ་ཚན་སྔོན་མ།:འབྲོང་རྒོད་དྲན་ཚུལ།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་གོམ་ཁ།